གཙོ་གནད། 详情

ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི“ཀྲང་ཀྲོའུ110”རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི“ཀྲང་ཀྲོའུ110”གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ། ཁོ་ཚོར་བརྩེ་བའི་སྐུལ་ལྕག་གནང་བ་མ་ཟད་རེ་བ་ནན་མོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་བསྟན་དོན། “ཀྲང་ཀྲོའུ110”ནི་སྤྱི་བདེ་ཁོངས་གཏོགས་ཀྱི་འོད་དུ་འཚེར་བའི་མིང་བྱང་ཞིག་ཡིན་པས། ང་ལ་བག་ཆགས་ཟབ་མོ་བཞག་མྱོང་། ཁྱོད་ཚོས་ཉེན་རྟོག་ལས་དོན་གྱི་ཡུལ་དངོས་དང་པོར་རྐང་ཚུགས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་བདེ་འཇགས་སྲུང་བར་དཀའ་སྤྱད་འབད་བརྩོན་བྱས་པར་བསྔགས་བརྗོད་མི་དམན་པ་ཐོབ་པས་ང་རང་ཧ་ཅང་དགའ་པོ་བྱུང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། མང་ཚོགས་ཀྱི་བདེ་སྐྱིད་སྲུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྐྱོང་རྒྱུ་ནི་མི་དམངས་སྤྱི་བདེ་ཡི་ཕྲག་ཏུ་བབས་པའི་འགན་འཁྲི་གལ་ཆེན་དེ་ཡིན། རེ་བར་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་དམངས་ཀྱི་ཆེད་དུ་ཐོག་མའི་སེམས་འདུན་བརྟན་སྲུང་དང་སྲོལ་རྒྱུན་བཟང་པོ་དར་སྤེལ། དམ་བཅའ་སྒྲུབ་ནས་འགན་ཁུར་བྱས་རྗེས་བཞག་སྟེ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་ལ། ཧུར་ཐག་འབད་ཐག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་བསྲུངས་ནས་ཏང་དང་མི་དམངས་ཀྱི་བློ་དཀར་སྲུང་དམག་བྱེད་དགོས།

“ཀྲང་ཀྲོའུ110”ཞེས་པར་ད་ལྟ“ཧྥུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྲང་ཀྲོའུ110ཡན་ལག་རུ་ཁག”ཟེར་ཞིང་། 1990ལོ་ནས་བཟུང་། 110ཉེན་བརྡའི་ཞབས་ཞུ་མྱུར་སྒྲུབ་རྐྱེན་སྲོལ་གསར་གཏོད་དང་རྒྱུན་མཐུད་ལེགས་སྒྱུར་བྱས་ཏེ། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། བདེ་འཇགས་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་མྱོང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཕུལ་བྱུང་གཞི་རིམ་ལས་ཁུངས་ཀྱི་འཐུས་ཚབ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས་ཉེན་རྟོག་རུ་ཁག་ཏུ་རྟོག་ཞིབ་ཐེངས་གསུམ་གནང་སྟེ། “ཀྲང་ཀྲོའུ110”འཛུགས་སྐྲུན་དང་འཕེལ་རྒྱས་ལ་མཛུབ་སྟོན་དང་སྐུལ་འདེད་བཏང་མྱོང་། ཉེ་ཆར། “ཀྲང་ཀྲོའུ110”རུ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་བསྐུར་ཏེ། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་སྙན་ཞུ་ཞུས་ནས། འཐབ་ལམ་གསར་པའི་སྟེང་རང་འགན་གཙང་སྒྲུབ་དང་འགན་ཁུར་བྱས་རྗེས་འཇོག་པའི་ཆོད་སེམས་མཚོན་པར་བྱས།



热门新闻

热门图库

热门排行