རྒྱལ་སྤྱི། 详情

ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅོ་བརྒྱད་པའི་དུས་མཚམས་དང་པོའི་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་།


   ས་དེའི་དུས་ཚོད་ཟླ9པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྡི་ལི་གསར་པ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཞུགས་པ་མ་ཟད། ཁ་བྱང་ལ《གསེར་གྱོམ་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་ཆེ་རུ་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ9པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྡི་ལི་གསར་པ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཞུགས་པ་མ་ཟད། ཁ་བྱང་ལ《གསེར་གྱོམ་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྟོབས་ཤུགས་ཆེ་རུ་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

    ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཚོགས་སྤྱིའི་རང་བཞིན་གྱིས་དར་རྒྱས་བྱུང་སྟེ། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་འགག་གི་སྒུལ་ཤུགས་སུ་གྱུར་ཡོད། དུས་མཚུངས་སུ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད། འཛམ་གླིང་བརྟན་པོ་དང་བདེ་བོ་ཡོང་བར་བྱ་དགོས་ན། གསེར་གྱོམ་རྒྱལ་ཁབ་ཀྱིས་ངེས་པར་དུ་ལོ་རྒྱུས་ཀྱི་རང་དབང་ཁོང་དུ་ཆུད་པ་དང་། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་དང་། བརྟན་བརླིང་། ཡར་སྐུལ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་མིའི་རིགས་ཀྱི་ཐུན་མོང་གི་ཕན་བདེ་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཉམ་དུ་རྒྱལ་སྤྱིའི་ཁྲིམས་སྐྱོང་སྲུང་བ་དང་། བདག་དབང་འདྲ་མཉམ་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། རྩོད་གཞི་ཞི་བས་ཐག་གཅོད་བྱེད་པ་སོགས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་ངང་སྤྱོད་པ་དང་ཚད་གཞི་ཉིས་བརྩེགས་ལག་བསྟར་མི་བྱེད་པར་ཁག་ཐེག་བྱེད་པ། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པ་སྲུང་སྐྱོང་། ཕྱོགས་མང་སྒྲིག་གཞི་བཅོས་བསྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཚོང་དོན་ཚོགས་པའི་བཅོས་བསྒྱུར་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ལག་གདང་སྦྲེལ་ནས་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་མཉམ་དུ་ཁ་གཏད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཀྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་སྒྲོམ་གཞི་གང་མགྱོགས་ངང་བསྐྲུན་པ་དང་། གསར་དར་ལག་རྩལ་གྱིས་ཐུན་མོང་དར་རྒྱས་ཀྱི་འགྲོ་ལམ་འོད་སྣང་སྩོལ་དགོས།

  ཞི་ཅིན་ཕིང་གིས་བསྟན་དོན། “གསེར་གྱོམ་ཆེན་པོས”བྱས་རྗེས་ཆེན་པོ་འཇོག་པ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་ངེས་པར་དུ་དངོས་སྒྲུབ་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གསར་དར་ཁྲོམ་རར་བརྟེན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་སྦྲེལ་མཐུད་བྱེད་པའི་བཟང་ཆ་འདོན་སྤེལ་བྱས་ནས། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་བརླིང་ངང་ཤར་གཏོང་བྱེད་པར་སྲུང་སྐྱོང་བྱ་དགོས། གཞི་གཅིག་ཅན་གྱི་ཁྲོམ་ར་ཆེན་པོ་སྐྱེད་སྲིང་དང་། གསར་གཏོད་རུམ་ཆས་བསྐྲུན་པ། སྲོལ་རྒྱུན་ཐོན་ལས་རིམ་སྤར་བཅས་བྱས་ཏེ། གསར་དར་ཐོན་ལས་འཕེལ་རྒྱས་དང་མ་འོངས་ཐོན་ལས་བཀོད་སྒྲིག་བྱ་དགོས། ཞི་ཅིན་ཕིང་གིས་གསེར་གྱོམ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་ཁག་ལྔ་བཏོན་པ་སྟེ།

གཅིག་ནི་མི་ཐབས་རིག་ནུས་ཁུངས་འབྱེད་ཀུན་ཕན་གྱི་གྲོས་གཞི། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཁུངས་འབྱེད་ཆེད་ཁུལ་སྔོན་ལ་འཛུགས་སྐྲུན་བྱ་རྒྱུ་དང་། སྐད་རིགས་ཆེན་པོའི་དཔེ་དབྱིབས་གསར་སྤེལ་དང་བཀོལ་སྤྱོད་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ། མི་ཐབས་རིག་ནུས་ཀྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་སྤེལ་ཏེ། མི་ཐབས་རིག་ནུས་སྒོ་འབྱེད་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་བྱ་དགོས།

གཉིས་ནི་ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་གྱི་གྲོས་གཞི། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་རིག་ནུས་སྒོ་མོ་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ། སྲིད་ཇུས་སྦྲེལ་མཐུད་བྱས་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་གསེར་གྱོམ་རྒྱལ་ཁབ་ཀྱི་ཞབས་ཞུའི་ཉོ་ཚོང་གླེང་སྟེགས་གཉེར་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུ་ཡིན།

  གསུམ་ནི་གྲངས་འཛིན་ཐོན་ལས་མཉམ་ལས་ཀྱི་གྲོས་གཞི། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་གྲངས་འཛིན་ཐོན་ལས་སྤྲིན་སྟེགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་རྩལ་ནུས་གསོ་སྦྱོང་དང་། ལག་རྩལ་སྤེལ་རེས། ཐོན་ལས་སྦྲེལ་མཐུད་བཅས་བྱས་ནས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་གིས་སྐུལ་འདེད་གཏོང་དགོས།

བཞི་ནི་རིག་ནུས་བཟོ་སྐྲུན་མཉམ་ལས་ཀྱི་གྲོས་་གཞི། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ལ་རིག་ནུས་བཟོ་གྲྭ་འཛུགས་སྐྲུན་བྱེད་རོགས་བྱས་ནས་ཚད་ལྡན་གྱི་མ་ལག་བསྐྲུན་པ་དང་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་ཐུན་མོང་ངང་སྐུལ་འདེད་གཏོང་འདོད་ཡོད།

ལྔ་ནི་ཚན་རྩལ་གྱིས་འཇོན་མི་གསོ་སྐྱོང་བྱ་རྒྱུའི་གྲོས་གཞི།  ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་བཀོད་པ་སྐྱེད་སྲིང་གི་མནའ་འབྲེལ་བཙུགས་ནས། བཟོ་བཀོད་པ་མཉམ་འབྲེལ་སྐྱེད་སྲིང་དང་ནུས་པའི་ཚད་གཞི་ཕན་ཚུན་ཁས་ལེན་བྱ་རྒྱུའི་གྲོས་འགོ་བཏོན། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་ན་གཞོན་ཚན་རྩལ་གསར་གཏོད་སྤེལ་རེས་འཆར་གཞི་ལག་བསྟར་བྱས་ནས་རྩེར་སོན་ཚན་རྩལ་གསར་གཏོད་ཀྱི་འཇོན་མི་སྔར་བས་མང་བ་སྐྱེད་སྲིང་བྱ་རྒྱུ་ཡིན།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཚུགས་པའི་ལོ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ནི་ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་འཆར་གཞི་ཞིག་ཡིན་པ་མ་ཟད། འཛམ་གླིང་ལ་ཁ་ཕྱོགས་པའི་མཉམ་ལས་ཀྱི་གསལ་ཐོ་ཞིག་ཀྱང་ཡིན། ཀྲུང་གོས་མུ་མཐུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་དར་རྒྱས་བཏང་སྟེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུ་ཡིན།

ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་། ཧྥེ་གླིང་ལྷོ་མའི་སྲིད་འཛིན་ལ་མ་ཧྥུའུ་ས། དབྱི་ལིང་གི་སྲིད་འཛིན་ཕེ་ཙེ་ཞིས་ཆིས་དབྱང་། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི། ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པོ་ཝོ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་ཧ་ལི་ཏེ་དང་། པར་ཙིར། སོ་ཏི་ཨ་རབ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་། གསེར་གྱོམ་རོགས་ཟླའི་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའམ་ཡང་ན་འཐུས་མི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་པ་དང་རྒྱ་གར་གྱི་ཙུང་ལི་མོ་ཏིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

  ས་དེའི་དུས་ཚོད་ཟླ9པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྡི་ལི་གསར་པ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་བརྒྱད་པའི་དུས་རིམ་གཉིས་པའི་ཚོགས་འདུར་ཞུགས།

གྲོས་ཚོགས་སྔོན་དུ། ཞི་ཅིན་ཕིང་གིས་ཚོགས་ཞུགས་མགོ་ཁྲིད་པ་རྣམས་དང་མཉམ་པར་བླངས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །


热门新闻

热门图库

热门排行