གནས་ཚུལ། 详情

ཁྲི་ཀས་སྒོ་རའི་སྒྲོག་འགྲེལ་ལ་བརྟེན་ནས་དམངས་སེམས་དྲོ་བར་བྱས།

རང་ཚགས་པར་གྱི་འཕྲིན།  ཁུལ་དང་རྫོང་གི་ཏང་འཐུས་ཚོགས་ཆེན་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་ཆེད། ཉེ་ཆར་ཁྲི་ཀ་རྫོང་དཀར་བརྗིད་ཤང་གཞུང་མར་ནང་སྡེ་བས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ། སྒྲོག་འགྲེལ་སློབ་ཁྲིད་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ཏེ་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་འཁྲབ་སྟོན་བྱེད་པ་སོགས་སྒྲོག་འགྲེལ་གྱི་རྣམ་པ་སྣ་མང་སྤྱད་ནས་ཏང་གི་སྲིད་ཇུས་བཟང་པོ་གཞི་རིམ་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱས།

སྒྲོག་འགྲེལ་ཡུལ་དངོས་སུ་སྡེ་བའི་ལས་བྱེད་ཀྱིས་མང་ཚོགས་དང་མཉམ་དུ་ཐོན་སྐྱེད་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་སླ་བའི་སྐད་ཆའི་ལམ་ནས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དམངས་འཚོའི་འགན་སྲུང་སོགས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས།

ཁྲི་ཀ་རྫོང་དཀར་བརྗིད་ཤང་གཞུང་མར་ནང་སྡེ་བའི་སྡེ་མི་ཡོན་མེ་ཡིས་བཤད་རྒྱུར། འདི་ལྟ་བུའི་སྒོ་རའི་ནང་གི་སྒྲོག་འགྲེལ་བྱེད་ཐབས་ཧ་ཅང་བཟང་། ང་ཚོའི་འཚོ་བ་དང་འབྲེལ་བ་ཡོད་ལ། ཁུལ་གྱི་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་ལ་ཉན་རྗེས་ཕ་ཡུལ་གྱི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ཤེས་རྟོགས་བྱུང་བ་མ་ཟད། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་འབབ་འཕར་གྱི་དམིགས་ཡུལ་གསར་པ་ཡང་གསལ་བོར་རྟོགས་བྱུང་། ང་ཚོའང་རང་འགུལ་ངང་ཕ་ཡུལ་འཛུགས་སྐྲུན་གྱི་ལས་དོན་ནང་ཞུགས་ཏེ་ཕ་ཡུལ་སྔར་ལས་མཛེས་སྡུག་དང་གསོན་ཉམས། བདེ་སྐྱིད། འཆམ་མཐུན་བཅས་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

ཁྲི་ཀ་རྫོང་དཀར་བརྗིད་ཤང་རྒྱ་རང་ཁ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཝུན་ཅོན་གྱིས་བཤད་རྒྱུར། ང་ཚོས་སྒོ་རའི་ནང་དུ་སྒྲོག་འགྲེལ་དང་ཤུལ་བཞག་རིག་གནས་གླུ་རུ་ལེན་པའི་བྱེད་ཐབས་བརྒྱུད་དེ། ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅོ་ལྔ་བ་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་རྒྱ་ཆེར་སྒྲོག་འགྲེལ་བྱས་ཤིང་། ཡུལ་སྲོལ་གོམས་གཤིས་དངོས་ལ་གཞིགས་ནས་འདས་ཟིན་པའི་ལོ་ལྔའི་འཕོ་འགྱུར་དང་བསམ་ཚུལ་གླེང་སྟེ། ཁུལ་ཨུའི་འབོད་སྐུལ་དང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་བླང་བྱ་ང་ཚོ་མང་ཚོགས་ཀྱིས་ལྟ་འདོད་པ་དང་ཉན་སྤྲོ་བའི་རྣམ་པས་ཁྱིམ་གྱི་སྒོ་ཁར་བསྐྱལ་ཏེ། མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་ནས་ང་ཚོས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་བྱ་བ་ལེགས་པར་བསྒྲུབས་པ་ཡིན་ཟེར།

ཐེངས་འདིའི་སྒྲོག་འགྲེལ་གྱིས་སྲོལ་རྒྱུན་གྱི་རྣམ་པ་བསྒྱུར་ཏེ་སྲིད་ཇུས་སྒྲོག་འགྲེལ་དེ་དངོས་ཡོད་འཚོ་བ་དང་མཐུན་པར་བྱས་ཏེ། མང་ཚོགས་གྱིས་ཏང་གི་བཀའ་དྲིན་ཚོར་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་གཅིག་བསྡུས་ཀྱི་སྟོབས་ཤུགས་བཏོན་པ་རེད།

热门新闻

热门图库

热门排行