གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་གཉིས་ལSTCཡི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་བདེན་དཔང་ཐོབ་པ།

ཉེ་ཆར། མཚོ་ལྷོ་ཁུལ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་ཟིས་ཐོན་སྐྱེད་བྱས་པའི་ལུག་ཤ་དང་སྐམ་ཤར་ཞང་ཀང་གི་ཚད་གཞི་དང་དཔྱད་ཞིབ་ལྟེ་གནས(STC)ཀྱིས་དཔྱད་ཞིབ་བྱས་པ་བརྒྱུད་ནས་སྤུས་ལེགས་བདེན་དཔང་ཐོབ་ལ། དེ་ནི་ལུང་དབྱང་ཀྲི་ཞན་དང་ཙང་ཧི་ཡོན་ལ་བདེན་དཔང་ཐོབ་རྗེས་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་རྒྱལ་སྤྱི་ཅན་གྱི་བདེན་དཔང་ཁྱབ་ཁོངས་སུ་བདེན་དཔང་ཐོབ་པ་མཚོན་ལ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བྱེ་བྲག་གི་ཕན་འབྲས་ཤིག་ཀྱང་ཡིན་པ་མཚོན་ཡོད། མཚོ་ལྷོ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་བདེན་དཔང་ཐད་ཀྱི་ཡིད་ཆེས་བརྒྱུད་སྤྲོད་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞང་ཀངSTCམཚོ་སྔོན་ཚོད་ལྟ་ཁང་ལ་བརྟེན་ནས་ས་གནས་དེ་གའི་དཔྱད་ཞིབ་དང་ཞང་ཀང་གི་བདེན་དཔང་བྱ་ཐབས་ལ་སྐུལ་འདེད་ནུས་ལྡན་བྱས་པ་རེད། ཁུལ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་བག་ཤུགས་ལྡན་པའི་ཁེ་ལས་ལ་དམིགས་ཏེ། ཐོན་སྐྱེད་ཡུལ་དངོས་སུ་བསྐྱོད་དེ་ཁ་གཏད་རོགས་སྐྱོར་བྱས་ནས། ཚད་གཞི་གསལ་འགྲེལ་དང་བཅོས་སྒྲིག་བྱས་ནས་རེ་ཞུ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཞབས་འདེགས་ཞུས་པ་རེད། རེབ་འདིར་ལུག་ཤ་དང་སྐམ་ཤ་གཉིས་ལ་བདེན་དཔང་ཐོབ་པ་ནི་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཚད་གཞིར་སླེབས་པ་མཚོན་ལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྤུས་ཚད་ཀྱི་རྨང་གཞི་བརྟན་པོ་བཏིངས་པའང་མཚོན་ཡོད། ཁུལ་ཡོངས་སུ་ཐོན་རྫས་རིགས5038དང་ས་གནས་ཀྱི་མཚོན་རྟགས13ལ་སྤུས་རྟགས་ཐོ་འགོད་བྱས་ལ། ལུང་དབྱང་ཀྲི་ཞན་ཀུང་ཟིར་སྐབས་ལྔ་པའི་ཀྲུང་གོའི་སྤུས་རྟགས་བྱ་དགའ་ཐོབ་པ་དང་མཚོ་ལྷོ་ཁུལ་ལ་རྒྱལ་ཁབ་རིམ་པའི་རྒྱུ་སྤུས་ཐད་ཀྱི་བྱ་དགའ་མེད་པའི་སྟོང་ཆ་བསྐངས་པས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད།


热门新闻

热门图库

热门排行