གནད་བསྡུས། 详情

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས11ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་ནས། མཚོ་སྔོན་འཕྲིན་གཏོང་མཉམ་འབྲེལ་ལྗང་མདོག་གློག་ཤུགས་རིག་རྩིས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ཏེ། ལྗང་མདོག་གློག་ཤུགས་མཉམ་འདུས་འཕེལ་རྒྱས་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱ་བར་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱས །

ཚོགས་འདུ་ལས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པ་ནི་བྱས་རྗེས་ད་ལྟ་བཞག་ན་ཕན་འབྲས་བསྐལ་བརྒྱར་ཐོབ་པའི་རླབས་ཆེན་གྱི་བྱ་གཞག་ཡིན་ལ། ལྗང་མདོག་རྩིས་ཤུགས་ཀྱི་ནུས་པ་ནི་ངོ་བོ་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཐོན་སྐྱེད་ནུས་ཤུགས་གསར་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། ཡིད་ཆེས་བརྟན་པོ་དང་དམ་པ་དོན་གཉེར་སྒོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལྗང་མདོག་རྩིས་ཤུགས་གློག་གཏོང་མཉམ་འདུས་ཁུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་རང་ཁུལ་གྱི་ཐོན་ཁུངས་དགེ་མཚན་ལ་གཞི་ཚུགས་ཤིང་། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་འགན་གཙང་སྒྲུབ་ཀྱི་ཆབ་སྲིད་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་དགོས་ཤིང་། ལྗང་གློག་གིས་ལྗང་རྩིས་ལ་ནུས་པ་སྦྱིན་པ་དང་། ལྗང་རྩིས་ཀྱིས་ལྗང་གློག་ཟད་གྲོན་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གཙང་མ་དང་རྩིས་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱེད་པ་དང་། ལྗང་མདོག་རྩིས་ཤུགས་མཉམ་ལས་འཕེལ་རྒྱས་ཀྱི་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྗང་གློག་ཐད་འདྲེན་ཐད་སྦྲེལ་གྱི་རྣམ་པ་གསར་གཏོད་བཅས་བྱས་ནས། ལྗང་མདོག་རྩིས་ཤུགས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་འགན་ལེན་བྱ་དགོས། 2028ལོའི་ཚོད་ལྟའི་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཐཱན་ཉུང་གཏོང་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྒྱུར་བ་གཉིས་ལ་དམིགས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་ཚད་འཇལ་དང་གཏའ་མར་འཇོག་པ། ཉོ་འཚོང་། དངུལ་སྒྱུར་བཅས་ཀྱི་དཀའ་གནད་ཧུར་ཐག་གིས་སེལ་དགོས། འོད་ནུས་བྱེ་བཅོས་དང་འོད་ནུས་དང་ཕྱུགས་ལས་གསབ་རེས་སོགས་ཀྱི་འཕེལ་རྒྱས་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། འོད་ནུས་ལྗང་གློག་གི་ཁེ་སྤོགས་བགོ་བ་དང་། རྩྭ་ཐང་གི་ཐཱན་འདུས་ཉོ་འཚོང་། སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་བསལ་གཉེར་སྐྱོང་སོགས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ། GEPརྩིས་རྒྱག་དང་རིན་ཐང་དཔྱད་དཔག་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཚད་ལྡན་ཅན་དང་ལམ་ལུགས་ཅན། ཡུན་ཕན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཁུལ་དུ་སྡོད་པའི་ལས་ཁུངས་སོ་སོ་བཅས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་ཚོགས་འདུར་ཞུགས།།

热门新闻

热门图库

热门排行