སྲིད་དོན། 详情

དོན་གྲུབ་ཀྱིས་གུང་ཧོ་གནམ་གྲུ་ཐང་དུ་ཤར་གཏོང་གི་གྲ་སྒྲིག་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན།  ཟླ9པའི་ཚེས10ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་གུང་ཧོ་གནམ་གྲུ་ཐང་དུ་རྟོག་ཞིབ་གནང་བ་དང་།  གནམ་གྲུ་ཐང་གི་ཐོག་ཁང་དང་སྟེགས་བུ་སོགས་སྒྲིག་བཀོད་གཙོ་བོའི་འཛུགས་སྐྲུན་དང་། དེ་མིན་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

གཞུང་དངོས།  བཞུགས་མོལ་ཚོགས་འདུ་ལས་གུང་ཧོ་གནམ་གྲུ་ཐང་འཛུགས་སྐྲུན་ཡན་ལག་པུའུ་དང་གུང་ཧོ་གནམ་གྲུ་ཐང་ཡན་ལག་ཀུང་ཟིས་གནམ་གྲུ་ཐང་གི་ལས་གཞིའི་སྤྱི་ཡོངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་གནམ་གྲུ་ཤར་གཏོང་གི་གྲ་སྒྲིག་ལས་དོན་སྤེལ་ཚུལ་སྙན་ཞུ་ཕུལ་བ་དང་། ཚོགས་ཞུགས་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ལྷག་པའི་གནད་དོན་ལ་དམིགས་ནས་ངོ་འཕྲད་བརྗེ་རེས་བྱས་ཤིང་། དོན་གྲུབ་ཀྱིས་གུང་ཧོ་གནམ་གྲུ་ཐང་གི་ལས་གཞི་འཛུགས་སྐྲུན་གྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་གནམ་གྲུ་ཤར་གཏོང་གི་གྲ་སྒྲིག་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གུང་ཧོ་གྲུ་གནམ་ཐང་ནི་མཚོ་ལྷོ་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་འཐུས་ཚང་དུ་གཏོང་བ་དང་ས་ཁོངས་ཀྱི་མཁའ་འགྲུལ་འགྲིམ་འགྲུལ་གྱི་ཞན་ཆ་གསབ་པའི་འགག་རྩའི་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་སྐུལ་སློང་དང་ས་གནས་ཀྱི་ཐོན་ལས་རིམ་སྤོར་ལ་ནུས་པ་སྦྱིན་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན་པས། ལས་གཞི་སྤྱོད་མགོ་བརྩམས་རྗེས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། 

 དོན་གྲུབ་ཀྱིས་གནམ་གྲུ་ཤར་གཏོང་གི་གྲ་སྒྲིག་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་འབུད་སོགས་སྒྲིག་བཀོད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོར་བཏང་ནས། གནམ་གྲུ་ཐང་གི་སྔོ་སྒྱུར་དང་མཐའ་འཁོར་གྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་དང་རིམ་སྤོར་བྱས་ཏེ། སྤུས་ཚད་མཐོ་བའི་མཁའ་འགྲུལ་ཞབས་ཞུའི་རྣམ་པ་ཕྱོགས་ཡོངས་ནས་གཏོད་དགོས་པ་དང་། འགྲོ་འོང་གི་ཁྱད་ལྡན་ཡུལ་སྐོར་བགྲོད་ལམ་ཇུས་འགོད་ལེགས་པོ་བྱས་ཏེ། མཚོ་ལྷོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཕྱིར་འཚོང་སྟེགས་བུ་མཉམ་དུ་བསྐྲུན་ནས། དུས་ཚིགས་རང་བཞིན་དང་ལམ་སྲོལ་རང་བཞིན་གྱི་ཡུལ་སྐོར་མཁའ་ལམ་འཚོལ་ཞིབ་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་ཕུན་ཚོགས་སུ་གཏོང་བ་དང་། མཁའ་འགྲུལ་ལ་བརྟེན་ནས་ཞིང་ལས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱ་དགོས། ཐབས་ལམ་མང་པོར་བརྟེན་ནས་གནམ་གྲུ་ཤར་གཏོང་སྔོན་གྱི་དྲིལ་བསྒྲགས་དང་འོས་སྦྱོར་བྱ་བ་ཡག་པོར་བསྒྲུབ་སྟེ། གནམ་གྲུ་ཐང་གི་སྙན་གྲགས་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། ཁ་གཏད་རོགས་སྐྱོར་ས་ཁུལ་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞན་ཡུལ་གྱི་མཁའ་ལམ་ལེགས་སྐྱོང་དང་མཁའ་ལམ་ཡུལ་སྐོར་མཉམ་འབྲེལ། མཁའ་འགྲུལ་ས་ཚིགས་ཚོང་གཉེར་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་ནན་གྱིས་སློབ་སྦྱོང་བྱེད་པ་དང་། ས་གནས་ཀྱི་གནས་བབ་དང་མཐུན་པའི་སྣ་མང་ལས་རྣམ་གྱི་བཀོད་པ་འཚོལ་ཞིབ་བྱས་ཏེ། གནམ་གྲུ་ཐང་གི་ཞབས་ཞུའི་མཁོ་འདོན་ནུས་པ་དང་ཕྱོགས་བསྡུས་ཕན་འབྲས་མུ་མཐུད་དུ་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

     དོན་གྲུབ་ཀྱིས་འབྲེལ་ཡོད་སྡེ་ཁག་སོ་སོས་རང་ངོས་ཀྱི་ལས་འགན་ལ་གཞི་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་གཏན་འཁེལ་བྱས་པའི་དོན་ཚན་དོན་འཁྱོལ་བྱེད་པ། ཞབས་ཞུའི་འགན་ལེན་གང་ལེགས་བཅས་བྱས་ཏེ། གནམ་གྲུ་ཐང་གི་གནམ་གྲུ་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན། 

ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ་དང་ཅང་ཏུང་མེ་རྟོག་ཞིབ་ལ་ཞུགས།།


热门新闻

热门图库

热门排行