གནས་ཚུལ། 详情

གུང་ཧོ་རྫོང་མཁར་ཤར་སྡེ་ཁུལ་གྱིས་དམངས་འཚིའི་བྱ་བ་ལེགས་པར་བསྒྲུབས།

རང་ཚགས་པར་གྱི་འཕྲིན།  ཉེ་བའི་ལོ་ཤས་རིང་དུ་མཚོ་ལྷོ་ཁུལ་གྱིས་སྡེ་ཁུལ་འཐུས་ཚང་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། རྒན་པ་དང་བྱིས་པ་སོགས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ལ་དམིགས་ཏེ། ཞབས་ཞུའི་སྒྲིག་བཀོད་སྡེ་ཁུལ་དུ་བསྐྲུན་པ་དང་དམངས་ཕན་ཞབས་ཞུ་ཁྱིམ་ཚང་དུ་སྐྱེལ་བར་སྐུལ་འདེད་བཏང་ཞིང་། གུང་ཧོ་རྫོང་གི་མཁར་ཤར་སྡེ་ཁུལ་ནི་དེའི་ཁྲོད་ཀྱི་ཚོད་ལྟའི་མ་དཔེ་གཅིག་ཡིན།

སྔ་དྲོའི་ཆུ་ཚོད་དགུ་པར་མཁར་ཤར་སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ཁུལ་དུ་འདུ་འཛིའི་ཁེངས་ཡོད་དེ། རྒན་པ་རྣམས་མིག་མངས་རྩེད་པ་དང་བྱིས་པའི་དཔེ་ཀློག་ཁུལ་དུ་དཔེ་ཀློག་བྱེད་པ། དཔེ་རིས་ཁང་དུ་ཡིག་གཟུགས་དང་རི་མོ་འབྲི་བ། ཞབས་བྲོ་ཁང་དུ་གར་གྱི་སྟངས་སྟབས་བསྒྱུར་བཞིན་ཡོད། སྒྲིག་བཀོད་ཆ་ཚང་ཞིང་ཁོར་ཡུག་སྐྱིད་པས་དེ་ནི་མི་མང་པོ་ཞིག་ཉིན་རྒྱུན་ཡོང་སའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།

གུང་ཧོ་རྫོང་མཁར་ཤར་སྡེ་ཁུལ་གྱི་སྡོད་དམངས་ཏུང་ཞན་ཀུའོ་ཡིས་བཤད་རྒྱུར། མཁར་ཤར་སྡེ་ཁུལ་གྱི་བྱ་འགུལ་ཁང་དུ་རྒན་རྒོན་མང་པོ་རྩེད་མོ་རྩེད་བར་ཡོང་གིན་ཡོད་པ་དང་། འདིའི་ཁོར་ཡུག་བཟང་ལ་སྒྲིག་བཀོད་ཀྱང་ཅུང་ཆ་ཚང་ཡིན་པས་རྒན་རྒོན་ཚོ་འདི་གར་ཡོང་རྒྱུར་ཧ་ཅང་དགའ་བོ་ཡོད་ཟེར།

བྱ་འགུལ་སྤེལ་ཡུལ་དུ་སྤྲོ་དགས་ཁེངས་ཡོད་པར་མ་ཟད། ཞབས་ཞུ་དེ་ད་དུང་སྡེ་ཁུལ་བཅོས་སྐྱོང་གི་ཞིབ་ཕྲའི་དོན་དག་རེ་རེའི་ཁྲོད་དུ་ཐོན་པར་བྱས་ཡོད་ལ། བར་ཁྱམས་སུ་སྡེ་ཁུལ་གྱི་ལས་བྱེད་མི་སྣས་མང་ཚོགས་གམ་གྱི་གྲོས་མོལ་སྟེགས་བུར་བརྟེན་ནས་ཉེ་དུས་ཀྱི་ཞབས་ཞུའི་བྱ་བ་ལེགས་སྒྲིག་བྱེད་བཞིན་ཡོད། ཞབས་བྲོ་ཁང་དེ་གཟའ་འཁོར་རེར་དུས་བཅད་ལྟར་ཐང་ཆེན་ཞབས་བྲོའི་རུ་ཁག་ལ་སྤྱོད་དུ་འཇུག་པ་དང་། དཔེ་རིས་ཁང་གིས་དུས་བཅད་ལྟར་མི་རིགས་སོ་སོའི་མང་ཚོགས་ལ་བྱ་འགུལ་སྤེལ་གྱིན་ཡོད།  འདི་ལྟ་བུའི་ཞབས་ཞུ་ལས་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་མཚོས་བཤད་རྒྱུར། ང་ཚོས་ཞབས་ཞུ་ལེགས་པོར་བརྟེན་ནས་ཚང་མར་བདེ་སྐྱིད་བསྐྲུན་ཏེ། གཞི་རིམ་བཅོས་སྐྱོང་གི་ངོ་བོ་ཆེན་པོ་དེ་གཞིས་ཁུལ་ཆུང་ཆུང་དུ་མིག་མཐོང་ལག་ཟིན་ཐུབ་པར་བྱས་ཡོད་ཟེར།

རྒན་པ་དང་བྱིས་པ་ནི་མཁར་ཤར་སྡེ་ཁུལ་གྱི་ཞབས་ཞུའི་གཙོ་གནད་ཡིན་ཏེ། སྡེ་ཁུལ་གྱིས་བསྐྲུན་པའི་ཉིན་མོའི་བདག་སྐྱོང་ལྟེ་གནས་ཀྱིས་བདེ་ཐང་ཞིབ་བཤེར་ཚད་ལེན་དང་གསོ་བཅོས་འཕུར་མཉེད་སོགས་རྒས་འགྱུར་ལ་འཚམ་པའི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཆུ་ཚོད་བཞི་དང་ཕྱེད་ཀའི་སློབ་ཁྲིད་སྐབས་སུ་ཟུར་ཁྲིད་པ་བཀོད་སྒྲིག་བྱས་ནས་ལས་བྱེད་བཟའ་ཟླའི་ཁྱིམ་ཚང་གི་བྱིས་པ་དུས་ལྟར་སློབ་གྲྭ་ནས་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱས། རྒན་པ་དང་བྱིས་པར་དམིགས་ནས་སྡེ་ཁུལ་གྱིས་རྒྱུན་མཐུད་ངང་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་བཅོས་སྐྱོང་ཞབས་ཞུའི་རྣམ་པ་ཞིག་རིམ་བཞིན་ཆགས་པར་བྱས་ཡོད།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཁར་ཤར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་མཚོས་བཤད་རྒྱུར། ད་ལོར་ང་ཚོས་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་བྱེད་སྒོའི་གཞི་རྟེན་ཕུན་ཚོགས་སུ་བཏང་བ་དང་ཆབས་ཅིག ཞབས་ཞུའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་ཞབས་ཞུ་དེ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ཏེ། རྟེན་གཞི་ཆུང་ཆུང་གིས་ནུས་པ་ཆེན་པོ་འདོན་སྤེལ་བྱས་ནས་སྡེ་ཁུལ་བཅོས་སྐྱོང་དང་དམངས་ཕན་ཞབས་ཞུ་གཉིས་དུས་མཉམ་དུ་མངོན་འགྱུར་བྱུང་ཡོད་ཟེར།

མིག་མངས་ཅོག་ཙེ་ཆུང་ཆུང་ནས་འཐུས་ཚང་བའི་ཞབས་ཞུའི་མ་ལག་གི་བར། མཁར་ཤར་སྡེ་ཁུལ་གྱིས་ཞབས་ཞུ་ལེགས་པོར་བརྟེན་ནས་དམངས་ལ་ཕན་ཁེ་བསྐྲུན་བཞིན་ཡོད་པ་དང་། ད་ལྟ་ཞབས་ཞུའི་དྲ་བ་དེ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་བསྟུན་ནས། བདེ་སྐྱིད་ཀྱི་རྣམ་པ་དེའང་དངོས་སུ་སྤྱོད་ཐུབ་པ་ཞིག་ཏུ་གྱུར་ཡོད། 

མཚོ་ལྷོ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གི་གསོན་ཉམས་དོད་པའི་མ་དཔེ་ཞིག་ཡིན་པའི་ངོས་ནས། མཁར་ཤར་སྡེ་ཁུལ་གྱིས་ཏང་འཛུགས་སྣེ་ཁྲིད་དུ་བྱས་ཏེ། དྲོད་ཁོལ་དང་གནད་འཁེལ་གྱི་ཞབས་ཞུར་བརྟེན་ནས་དམངས་འཚོའི་བྱ་བ་དེས་སྡོད་དམངས་ཀྱི་བློ་ཡིད་ཚིམ་པར་བྱས་ནས་བདེ་སྐྱིད་ཀྱི་རྣམ་པ་ཞིག་བཏོད་ཡོད་པ་རེད། 

热门新闻

热门图库

热门排行