སྲིད་དོན། 详情

མཚོ་ལྷོ་ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས།

ཟླ9བའི་ཚེས8ཉིན། ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་ཡིས་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བའི་གནས་བབ་དང་འགྲན་སློང་། ལག་ལེན་གྱི་ཐབས་ལམ་བརྗོད་དོན་དུ་བྱས་ཏེ་ཆེད་དོན་ཟུར་ཁྲིད་བྱས། ཁུལ་དཔོན་དང་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་སྲིད་གཞུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

 ཚོགས་འདུའི་སྟེང་སུན་ཅུན་ཞཱ་ཡིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ངེས་གནས་དང་འཕྲད་པའི་གནད་དོན། དེ་བཞིན་རྗེས་ཕྱོགས་ཀྱི་ཐོད་བརྒལ་ཐབས་ལམ་ལ་དམིགས་ནས་ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་དཔལ་འབྱོར་གྱི་གནས་བབ། ཞིང་ཆེན་ཡོངས་ཀྱི་སྒྲིག་བཀོད་ཁྲོད་ཀྱི་གནས་བབ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པ་རེད། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་གལ་ཆེན་ཞིག་བསྐྲུན་པའི་དམིགས་ཚད་ངེས་གནས་གཞིར་བཟུང་ནས། ཁུལ་ཡོངས་ཀྱི་ཐོན་ལས་དང་པོ་བརྟན་ཡང་ལེགས་པོ་མིན་པ་དང་ཐོན་ལས་གཉིས་པར་ནུས་ཁུངས་རྐྱང་པ་ལས་མེད་པ། ཐོན་ལས་གསུམ་པ་མགྱོགས་ཀྱང་སྟོབས་ལྡན་མིན་པ་བཅས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དང་། དེ་བཞིན་ནུས་ཁུངས་གཙང་མའི་ལས་རིགས་དང་པོ་རྐྱང་པ་ཡིན་པ། ཐོན་ལས་སྦྲེལ་ཐག་ཐུང་ཞིང་ཟུར་སྣོན་རིན་ཐང་ཆུང་བ། གསར་དར་ཐོན་ལས་ཀྱི་གནས་བབ་མི་ལེགས་པ། མ་འཇོག་གི་སྒུལ་ཤུགས་ཞན་པ། སྐྱེ་ཁམས་རིན་ཐང་སྒྱུར་བའི་བྱེད་ཐབས་འཐུས་ཚང་མིན་པ་སོགས་ཀྱི་མི་འདང་ས་དང་ཞན་ཆར་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས། མོས་ནུས་ཁུངས་གཙང་མར་བརྟེན་ཡང་ནུས་ཁུངས་གཙང་མ་ཁོ་ནར་མི་བརྟེན་པའི་སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཀྱི་རིན་ཐང་སྒྱུར་བ་དང་། ཐོན་ལས་སྦྲེལ་ཐག་ལ་ཤུགས་སྣོན་དང་ཁ་གསབ་བྱེད་པ། སྤུས་རྟགས་རིམ་སྤར་བྱེད་པ། རིག་གནས་ཡུལ་སྐོར་གྱི་ཕན་འབྲས་ཆེ་རུ་གཏོང་བ། རྩིས་གློག་མཉམ་ལས། ལས་གཞིའི་འགག་སྒྲོལ་བཅས་ཕྱོགས་དྲུག་ལ་དམིགས་ནས་གཅིག་བསྡུས་ཐོག་ཤུགས་སྣོན་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་དེ་དངོས་ཡོད་དུ་བསྒྱུར་བར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན། 

ཚོགས་ཞུགས་མི་སྣས་སློབ་ཚན་གྱི་ནང་དོན་བརྒྱུད་རིམ་ལྡན་ཞིང་ཕྱོགས་ཡོངས་ལ་དབྱེ་ཞིབ་མཐར་ཕྱིན་པ་བྱས་ཡོད་ལ། གནས་བབ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པ་མ་ཟད། ཐབས་ལམ་གྱི་མཛུབ་ཁྲིད་ཀྱང་འདོན་སྤྲོད་བྱས་ནས། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་དགེ་མཚན་དང་ཞན་ཆའི་ཐད་ལ་ངོས་ཟིན་གསལ་བོ་བྱུང་ཡོད། རྗེས་མར་ཐོན་ལས་འཕེལ་རྒྱས་ལ་དམ་པོར་དམིགས་པ་དང་། དམིགས་འབེན་བླང་བྱ་དང་ཞིབ་བསྡུར་བྱས་ནས། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་ནས་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་ཟེར།

热门新闻

热门图库

热门排行