སྲིད་དོན། 详情

དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས།

ཟླ9པའི་ཚེས9ཉིན་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ནས། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན། དེ་བཞིན་རྩོམ་ཡིག་གལ་ཆེན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་ལས་དོན་སྙན་ཞུར་གསན་པ་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས།

 ཚོགས་འདུ་ལས་བདེན་འཚོལ་དུས་དེབ་ཐོག་སྤེལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་དང་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་ལྔ་པའི་ནང་གི་དུས་ནམ་ཡང་གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་རྒྱུན་འཁྱོངས་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་ཏན་གཏོང་དགོས་ཞེས་པའི་དོན་ཚན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པར་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཟླ8པའི་ཚེས28ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།   ཏང་གི་མགོ་ཁྲིད་དེ་སྲིད་གཞུང་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ལ། འགན་འཁྲི་གཙོ་བོ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ་དོན་འཁྱོལ་ནན་མོ་བྱས་ཏེ་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྔ་མོ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན།  སྐྱོན་ཆུང་དུས་ནས་སེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་གླིང་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་ཤུགས་བརྒྱབ་སྟེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་རྒྱུན་མཐུད་ངང་ནན་དུ་གཏོང་བ་དང་ཟླ9པར་གཅིག་སྡུད་ཐོག་ལས་གཞི་ཇེ་མགྱོགས་སུ་གཏོང་བ་དང་བརྒྱད་པའི་བཅོ་ལྔའི་དུས་ཆེན།   རྒྱལ་སྟོན་དུས་ཆེན་བཅས་དུས་སྐབས་གལ་ཆེན་ལ་དམ་པོར་དམིགས་ནས་ཉེན་ཁ་དང་བྱུར་རྐྱེན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་བྱ་དགོས།  ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་ཤ་གཅོད་རྒྱུར་མུ་མཐུད་དུ་ཤུགས་བརྒྱབ་ནས་ས་གཤིས་གནོད་འཚེ་སོགས་ཉེན་ཁའི་བྱུར་རྐྱེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།  

ཚོགས་འདུ་ལས་སློབ་སྦྱོང་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་པ་དོན་གཉེར་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་སློབ་སྦྱོང་དང་ཞིབ་བཤེར་ཡོ་བསྲང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བར་ངོས་འཛིན་དང་གོ་བ་གཏིང་ཟབ་བླངས་ནས་སྲིད་འབྲས་ལྟ་བའི་ནོར་འཛོལ་གྱི་གནད་དོན་ཁག་ཅིག་ཐག་གཅོད་བྱས་ཤིང་།  མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབ་པ་དང་བྱ་བ་དངོས་བསྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་པས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཚུགས་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་སྔོན་དཔག་གི་དམིགས་ཡུལ་འགྲུབ་ཡོད་ལ།  ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་ངེས་པར་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་འབད་བརྩོན་བྱ་དགོས། ཏང་འཛུགས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་དེ་མིན་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བར་བརྟེན་ནས་འགན་འཁྲི་འཁུར་བ་དང་བྱ་བ་སྒྲུབ་པར་ཁྲིད་སྟོན་བྱ་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བའི་བསམ་བློ་བརྟན་པོར་བཙུགས་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པར་རྒྱུན་འཁྱོངས་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་སྣོན་དང་། རྒྱུན་རྣམ་ཅན་གྱི་གནད་དོན་ཞིབ་བཤེར་ལེགས་འཛིན་ཡག་པོ་བྱས་ནས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བའི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ། ལོ་ཧྲིལ་པོའི་གཙོ་གནད་བྱ་བ་ཁག་དོན་འཁྱོལ་བྱས་ནས་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་པ་དང་ཕན་འབྲས་དངོས་ཐོན་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་མི་དམངས་ཀྱི་བདེ་ཐང་གཙོ་གནད་ཡིན་པ་ནམ་ཡང་མཐའ་འཁྱོངས་བྱས་ནས། སྨན་བཅོས་གསུམ་མཉམ་ལས་མཉམ་འགུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ནས། ཁུལ་མི་དམངས་སྨན་ཁང་དེ་ཀ་རིམ་པ་གསུམ་པའི་སྨན་ཁང་དུ་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང་། དམངས་ཡོངས་ཀྱི་རིན་མེད་གྱིས་བདེ་ཐང་བརྟག་དཔྱད་རྒྱུན་མཐུད་ངང་ལེགས་པོར་བསྒྲུབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་རྩ་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་དགོས། དེ་མིན་སྤུས་ཚད་དང་བཟའ་བཅའ་སྨན་རྫས། ཤེས་བྱའི་ཐོན་དབང་བྱ་བ་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས། མཚོ་ལྷོའི་སྤུས་རྟགས་སྔར་བས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་མཐའ་ཚད་ནན་སྲུང་བྱས་ནས། ས་གཤིས་མཚོན་རྟགས་དང་སྤྱི་པའི་སྤུས་རྟགས། ཁེ་ལས་ཚོང་རྟགས་བཅས་རིམ་པ་མང་པའི་སྤུས་རྟགས་མ་ལག་འབད་པས་བསྐྲུན་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བ་དམ་འཛིན་བྱེད་པ་དང་། སྲིད་ཇུས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སླར་ཡང་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་གནད་ལ་འཁེལ་བའི་ངང་ནས་དབྱེ་འབྱེད་གཏན་འཁེལ་བྱས་ཏེ། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཐག་གཅོད། སྔ་མོ་ནས་རོགས་སྐྱོར་བཅས་བྱེད་ཐུབ་པ་དང་། ཐོན་ལས་རོགས་སྐྱོར་ཏན་ཏིག་ངང་སྤེལ་བ་དང་ལས་ཞུགས་རོགས་སྐྱོར་དམ་འཛིན་བྱེད་པ།ཞིང་འབྲེལ་ཞིང་ཁྲིད་བྱེད་པར་ཤུགས་བསྣན་ནས་ཡོང་འབབ་བརྟན་འཕར་ཡོང་བར་བྱ་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་།གནད་དོན་མངོན་གསལ་དག་ཐེར་བཅོས་སྐྱོང་། གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བཟུང་ནས་སྡོད་ཁང་རིགས་བསྐྲུན་པ་བཅས་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱས་ནས་བྱ་བ་ཁག་སྐུལ་འདེད་ནུས་ལྡན་ཡོང་བར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།


热门新闻

热门图库

热门排行