སྒྲོན་བརྙན། 详情

དོན་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་གནང་།

ཟླ9པའི་ཚེས9ཉིན། དགེ་རྒན་དུས་ཆེན་ཐེངས42པ་ཐོན་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་རུ་སྣེ་ཁྲིད་དེ་ཁུལ་གཏོགས་སློབ་གྲྭ་དང་སློབ་དཔྱོད་ལས་ཁུངས་སུ་སོང་ནས་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་གནང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། 

640.jpg

ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ། གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་། ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་བཅས་སུ་དོན་གྲུབ་ཀྱིས་སློབ་ཁྲིད་སྒྲིག་བཀོད་དང་དངོས་སྦྱོང་རྟེན་གཞིར་ལྟ་ཞིབ་གནང་ཞིང་། ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་འཛིན་བདག ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན། ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན། དཀའ་ངལ་ཡོད་པའི་ལས་བཟོ་པ་བཅས་ལ་འཚམས་འདྲི་གནང་བ་དང་། སློབ་གྲྭའི་མགོ་ཁྲིད་ཚན་ཁག་དང་དགེ་རྒན་གྱི་འཐུས་མི་དང་མཉམ་དུ་གླེང་མོལ་བྱས་ཏེ། སློབ་གྲྭའི་འཛུགས་སྐྱོང་དང་སློབ་ཁྲིད་སློབ་ཞིབ། ཁྱད་ལྡན་སློབ་སྒྲུབ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད་བསམ་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་། ཁོས་སློབ་གསོ་ནི་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྨང་གཞིའི་སློབ་གསོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཀུན་སྤྱོད་ལ་བརྟེན་ནས་མི་གཤིས་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་སློབ་གསོར་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་དགོས་ཞེས་བསྟན།

00.jpg

དོན་གྲུབ་ཀྱིས་སློབ་གསོ་ནི་དུས་ནམ་ཡང་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་སྟེ། སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། སློབ་གསོའི་ཐོན་ཁུངས་ལེགས་སྒྲིག་བྱས་ནས་སློབ་གསོའི་ཁྱབ་ཁོངས་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་རྨང་གཞིའི་སློབ་གསོ་ཞིག་ལེགས་པར་སྒྲུབ་དགོས་པ་དང་། ཁྱད་ལྡན་ལག་རྩལ་རྣམ་པའི་ཆེད་ལས་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས་ས་ཁོངས་ཀྱི་དགེ་མཚན་ལྡན་པའི་ལས་རིགས་སློབ་གསོའི་སྤུས་རྟགས་བཏོད་དེ། བྱིས་པ་མང་བས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་དགོས། སློབ་དཔྱོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་ཁྲིད་ལ་འབད་འབུངས་བྱེད་པ་དང་སློབ་དཔྱོད་ཀྱི་འཇོན་ནུས་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་སློབ་དཔྱོད་ལ་བརྟེན་ནས་རྨང་གཞིའི་སློབ་གསོའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་བྱ་དགོས། དམིགས་བསལ་སློབ་གསོར་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། སློབ་སྒྲུབ་ཆ་རྐྱེན་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་། གྲོན་དངུལ་འགན་སྲུང་སོགས་ཕྱོགས་ཡོངས་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། དགེ་སློབ་དང་ཁྱིམ་བདག་གི་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་བཟང་པོ་བྱས་ནས་དམིགས་བསལ་བྱིས་པ་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་འབྱུང་བར་འགན་སྲུང་ལེགས་པོ་བྱ་དགོས། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རོགས་ལས་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། རིམ་པ་མང་བ་དང་ཐབས་ལམ་མང་བའི་གསོ་སྐྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་རྒྱུན་འཁྱོངས་སྒོས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀུན་སྤྱོད་ལེགས་པ་དང་ལས་སྒོར་ནང་བྱན་ཆུད་པ། གྲུབ་སྟངས་ལུགས་མཐུན་ཡིན་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱས་ཏེ། ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་ནན་གྱིས་བསྟན།

11.jpg

ཁུལ་གྱི་མགོ་ཁྲིད་ལིའུ་ཡན་དང་མཱ་ཧྲའོ་ཧྥུའུ། ཕན་ལའེ་ཡུན་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས། 

热门新闻

热门图库

热门排行