གནད་བསྡུས། 详情

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་ཆེད་དོན་འཆད་ཁྲིད་སྤེལ་བ།

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས8ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་སློབ་སྦྱོང་ལྟེ་གནས་ཚན་ཆུང་(རྒྱ་སྐྱེད)གི་སློབ་སྦྱོང་གྲོས་ཚོགས་བསྡུས་པ་དང་། སློབ་སྦྱོང་ཚོགས་འདུར་ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཚེ་རིང་རྒྱ་མཚོས་གདན་ཞུ་ལྟར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ཀྱི་ཆེད་དོན་འཆད་ཁྲིད་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་འཆད་ཁྲིད་ལ་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ལིན་གྱིས་ཆེད་དོན་འཆད་ཁྲིད་ལ་མགོ་འཛིན་གནང་བ་རེད། 

ཚེ་རིང་རྒྱ་མཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གནང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་གཞིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དེས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཀོད་འགན་འཁྲི་སྒྲུབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་དེ་ཁུལ་ཡོངས་སུ་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བར་མཛུབ་སྟོན་གང་ལེགས་བྱས་ཡོད།

གྲོས་ཚོགས་ལས་རིམ་པ་ཁག་གི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་སྤེལ་རེས་བྱ་རྒྱུ་རྒྱུན་ལྡན་ཅན་དུ་བསྒྱུར་བ་དང་། བཅའ་ཁྲིམས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། བཅའ་ཁྲིམས་ཀྱི་དོན་ཚན་ཁོང་དུ་ཆུད་པ། བྱ་བའི་བླང་བྱ་ཡིད་ལ་གསལ་བོར་ངེས་པར་བྱས་ཏེ།   ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  རིམ་པ་ཁག་གི་དམངས་ཆེན་འཐུས་མིས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་གང་ལེགས་བྱས་ཏེ། རང་འགུལ་གྱིས་གཞི་རིམ་ལས་རྐང་དང་པོ་དང་ཞིང་ཁར་ཟབ་ཞུགས་ཀྱིས་ཕྱོགས་ཡོངས་དང་ཟུར་མི་འདྲ་བ་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་གསལ་པོར་བཤད་པ། བཅའ་ཁྲིམས་ཀྱི་གཏན་འབེབས་ལ་འགྲེལ་བཤད་གསལ་བོར་རྒྱག་པ།  མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས། ཁྲིམས་བཀོད་འགན་ནུས་ལ་གཞི་ཚུགས་པ་དང་། ལྟེ་བར་གཞིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ་དེ་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད་དང་འཐུས་མིའི་བྱ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། གནད་ལ་འཁེལ་ཞིང་ཕན་འབྲས་མཐོ་བའི་དམངས་ཆེན་གྱི་འགན་ནུས་སྒྲུབ་པར་བརྟེན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་བཟོ་བཅོས་བྱ་བ་སྐབས་བསྟུན་གྱིས་སྤེལ་མགོ་བརྩམས་ཏེ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཁྲིམས་སྐྱོང་གིས་འགན་སྲུང་བྱ་དགོས། ལག་བསྟར་གྱི་བརྗོད་དོན་གཏིང་ཟབ་ཏུ་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་ཅན་བཅུའི་ཏང་འཛུགས་སྐྱོང་ལ་རམ་འདེགས་བྱེད་པའི་འགུལ་བསྐྱོད་ཁག་ལྔའི་བྱ་བའི་ལག་བསྟར་ཇུས་གཞིའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས་བྱ་འགུལ་གྱི་རྣམ་པར་གསར་གཏོད་དང་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གཉིས་འབྲེལ་མཉམ་སྐྲུན་དང་འགན་ནུས་མཐོར་འདེགས། དམངས་ལ་དངོས་དོན་སྒྲུབ་པ་སོགས་ཀྱི་ལག་ལེན་བྱ་འགུལ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཏང་སྟེ། མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བླང་བྱ་བཏོན།  

热门新闻

热门图库

热门排行