མཚོ་སྔོན་གྱི་རྫོང་གསུམ་དང་ས་ཁུལ་གསུམ་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྒྲོག་སྤེལ་ནུས་ཤུགས་རྩེ་གྲའི་ཨང་རིམ་བརྒྱའི་མིང་ཐོའི་ཁྲོད་ཚུད།
ཉེ་ཆར། མའེ་ཏིན་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི<<2026ལོའི་ཟླ7པར་ཀྲུང་གོའི་རྫོང་ཁོངས་དང་གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་ཡུལ་སྐོར་སྒྲོག་སྤེལ་སྙན་ཞུ>>ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྫོང་གསུམ་དང་ས་ཁུལ་གསུམ་རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྒྲོག་སྤེལ་ནུས་ཤུགས་རྩེ་གྲའི་ཨང་རིམ་བརྒྱའི་མིང་ཐོའི་ཁྲོད་ཚུད་པ་དང་། ཨང་རིམ་ཁྲོད་ཚུད་པའི་གྲངས་འབོར་གྱིས་ལོ་རྒྱུས་གསར་བ་བསྐྲུན་པ་དང་། དེའི་ཁྲོད་ས་ཁུལ་བཞི་ཐེངས་དང་པོར་མིང་ཐོའི་ཚུད་པ་རེད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཅས་ཟླ7པར་ཀྲུང་གོའི་རྫོང་ཁོངས་ཡུལ་སྐོར་སྒྲོག་སྤེལ་ནུས་པའི་ཕྱོགས་བསྡུས་སྟོབས་ཤུགས་ཀྱིTOP100ཡི་ཨང་རིམ་ཁྲོད་ཚུད་པ་དང་། གུང་ཧོ་རྫོང་ནི་ཐེངས་དང་པོར་ཨང་རིམ་ཁྲོད་ཚུད་པ་རེད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་དང་མཚོ་ཤར་གྲོང་ཁྱེར་ལེ་ཏུའུ་ས་ཁུལ། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་བཅས་ཟླ7པར་ཀྲུང་གོའི་གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་ཡུལ་སྐོར་སྒྲོག་སྤེལ་ནུས་པའི་ཕྱོགས་བསྡུས་སྟོབས་ཤུགས་ཀྱིTOP100ཡི་ཨང་རིམ་ཁྲོད་བདམས་ཐོན་བྱུང་བ་དང་། མཁར་གྲོང་ས་ཁུལ་དེ3ནི་ཐེངས་དང་པོར་རྒྱལ་ཡོངས་ཀྱི་རྩེ་གྲའི་ཨང་རིམ་བརྒྱའི་མིང་ཐོའི་ཁྲོད་ཚུད་པ་རེད།
ཐེངས་འདིའི་ཨང་རིམ་ཁྲོད་ཚུད་པའི་ས་ཁོངས་ལས་མཚོ་སྔོན་ཤར་རྒྱུད་ཀྱི་རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུད་དང་བྱང་རྒྱུད་རྩྭ་ཐང་། མཚོ་སྐོར་སྐྱེ་ཁམས་སོགས་ས་ཁུལ་མང་པོ་ཁེབས་ཡོད་པས། ཁྱད་པར་ཅན་དང་སྣ་མང་ཅན་གྱི་རིག་གནས་ཡུལ་སྐོར་གྱི་འགུག་ཤུགས་ཤིག་ཆགས་ཡོད། གུང་ཧོ་རྫོང་རྟ་ནག་མ་གྲོང་བརྡལ་གྱིས་མཐའ་འཁོར་གྱི་སྡེ་བ་བཞིའི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་ཉི་ཟེར་ལྟ་སྐོར་མཛེས་ལྗོངས་ཁུལ་བཏོད་པ་དང་། རིམ་རྩིས་བྱས་ན་ས་གནས་དེ་གའི་རོང་འབྲོག་མང་ཚོགས800ལྷག་ཙམ་གྱི་ལས་ཞུགས་བསྡུ་ལེན་བྱས་པ་དང་། 2023ལོ་ནས2025ལོའི་བར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི7000ཙམ་ལ་སླེབས་ཡོད་པ་རེད།