གནད་བསྡུས། 详情

ཞུང་ཡོན་ལའེ་ཡིས་ཞིང་ཆེན་གྱི་ལས་ཁུངས་ཁ་ཤས་སུ་བྱ་བར་འབྲེལ་མཐུད་བྱས།

ཟླ9པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་སྔ་རྗེས་སུ་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་བཅས་སུ་འཚམས་འདྲི་གནང་བ་དང་བྱ་བར་འབྲེལ་མཐུད་བྱས་ཏེ། ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་བརྗེ་རེས་སྤེལ་ཤིང་། ཁྱབ་ཁོངས་སོ་སོའི་བྱ་བ་སྒྲུབ་པའི་གནས་ཚུལ་གྱི་སྙན་ཞུ་ཕུལ་བ་དང་། དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་ལ་མཛུབ་སྟོན་དང་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལས་སྒོའི་མཛུབ་སྟོན་དང་རོགས་སྐྱོར་གནང་བར་བརྩོན་ལེན་བྱས།

ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་དབང་བོ་སྐྱོན་ཅན་གྱི་བྱ་གཞག་དེ་དམངས་འཚོའི་འགན་ལེན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ལ་གཞིགས་ཏེ། ཁམས་གསོའི་ཞབས་ཞུ་དང་ལས་ཞུགས་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་སོགས་ཀྱི་གཙོ་གནད་བྱ་བ་ལེགས་པར་བསྒྲུབས་ནས་དབང་བོ་སྐྱོན་ཅན་མང་ཚོགས་ཀྱི་དམངས་འཚོའི་མཐའ་ཚད་སྲུང་ཡོད་ཅེས་བསྟན་པ་དང་། ཁོས་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་ལྷོ་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། ལས་སྒོའི་གསོ་སྦྱོང་དང་ཁེ་དབང་འགན་སྲུང་། སྤྱི་ཕན་རོགས་སྐྱོར་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་རོགས་སྐྱོར་བྱེད་པ་དང་། ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་རོགས་ལས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་འབྲེལ་མཐུད་གང་ལེགས་བྱས་ཏེ། ལས་གནས་ཐོན་ཁུངས་གནད་ལ་འཁེལ་བར་བྱས་ནས་ལས་ཞུགས་ཐབས་ལམ་ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་དེ། དབང་བོ་སྐྱོན་ཅན་སྔར་ལས་མང་བ་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ལས་འཛིན་མགོ་གཙོ་ཅཱ་ནའེ་ཧུང་གིས་མཚོ་ལྷོ་ཁུལ་ཨུས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བར་གདེང་འཇོག་གང་ལེགས་གནང་བ་དང་། མཚོ་ལྷོའི་དབང་བོ་སྐྱོན་ཅན་གྱི་བྱ་བར་ཁྱད་ཆོས་མངོན་གསལ་དང་ཕན་འབྲས་འབུར་ཐོན་ཡིན་པས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་སྒོའི་མཛུབ་ཁྲིད་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རང་འགུལ་ངང་འབྲེལ་མཐུད་དང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ནས་ཁེ་ལས་ཀྱིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་དང་སློབ་གསོ་ཁྱིམ་ཚང་དུ་སྐྱེལ་བ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། མཚོ་ལྷོ་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་ཚད་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཚུལ་བསྟན། 

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ། ཞུང་ཡོན་ལའེ་ཡིས་བུད་མེད་མང་ཚོགས་ནི་གྲོང་གསེབ་དར་སྤེལ་དང་མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཐོན་ལས་འཕེལ་རྒྱས་དང་ཡུལ་སྲོལ་བསྒྱུར་བ་སོགས་ཀྱི་ཐད་གཞན་ལས་ལྷག་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་དུ་གཏོང་བའི་བུད་མེད་ཀྱི་བྱ་སྤྱོད་དང་། བུད་མེད་དང་བྱིས་པའི་སྤྱི་ཕན་ལས་གཞི་དང་མ་དངུལ་རོགས་སྐྱོར། བུད་མེད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱིར་འཚོང་སོགས་ཀྱི་ཐད་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ཏེ། སྤུས་ལེགས་ཐོན་ཁུངས་སྡེབ་སྒྲིག་སྒོས་བུད་མེད་ཀྱི་ལས་གཏོད་ལས་ཞུགས་ལ་ལས་སྟེགས་བསྐྲུན་པ་དང་འབྲེལ་ལམ་འཛུགས་པ། བུད་མེད་ཀྱི་འཕེལ་རྒྱས་གཙོ་གཞིའི་གོ་གནས་འདོན་སྤེལ་བཅས་བྱས་ནས། རྒྱ་ཆེའི་བུད་མེད་རྣམས་ཀྱི་ལས་ཞུགས་ལས་གཏོད་དང་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཝང་ཆི་ཡིས་མཚོ་ལྷོ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་གི་ཆེད་དོན་བྱ་བའི་ཚོགས་ཆུང་ཁྲོད་བུད་མེད་ཀྱི་ནུས་པ་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པར་མ་ཟད། མོས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་ལྷོ་ཁུལ་དང་ལས་སྒོའི་མཉམ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། སྔོན་ཐོན་དཔེ་མཚོན་འདེམས་པ་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་གཅེས་སྤྲས་དང་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་ཚོད་ལྟ་བྱེད་ས་འཚོལ་ཞིབ་བྱས་ནས། མཚོ་ལྷོ་ཁུལ་གྱི་བུད་མེད་དང་བྱིས་པའི་ལས་དོན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དུ་ཞུང་ཡོན་ལའེ་ཡིས་དུས་ཡུན་རིང་བོའི་ནང་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གིས་མཚོ་ལྷོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ནས། སྒྲིག་གཞི་བཅོས་སྒྱུར་དང་སྒྲིག་ཁོངས་འགན་ལེན། འགན་ནུས་ལེགས་སྒྱུར་སོགས་ཀྱི་ཐད་མཛུབ་སྟོན་ཞིབ་མོ་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་གནང་སྟེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་སྒྲིག་ཁོངས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། མིག་སྔར། མཚོ་ལྷོ་ཁུལ་གྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་སྒོས་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་ལྗང་མདོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད་ལ། བྱ་བ་སོ་སོ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། སྒྲིག་གཞི་དང་སྒྲིག་ཁོངས་འགན་ལེན་གྱི་ཐད་ལ་རེ་བ་ནན་མོ་བཏོན་ཡོད། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་འཛིན་པ་དང་། མཚོ་ལྷོའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྒྲིག་གཞིའི་འགན་ནུས་ལེགས་སྒྱུར་དང་སྒྲིག་ཁོངས་ཐོན་ཁུངས་གཅིག་གྱུར་བཀོད་སྒྲིག་སོགས་ཀྱི་ཐད་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ནས། མཚོ་ལྷོའི་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་དང་སྤྱི་ཡོངས་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པའི་རེ་བ་ཡོད་ཅེས་བསྟན། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཡན་གྱིས་མཚོ་ལྷོ་ཁུལ་གྱིས་བཏོན་པའི་རེ་ཞུའི་དོན་ཚན་དག་ལ་རེ་རེ་བཞིན་ལན་བཏབ་ནས། བརྟག་དཔྱད་གཏིང་ཟབ་དང་ཞིབ་འཇུག་ནན་མོ་བྱས་ཏེ། སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར་བྱེད་པ་དང་། ཞབས་ཞུའི་འགན་ལེན་བྱ་བ་ལེགས་པོར་བསྒྲུབས་ནས། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་བསོད་ནམས་བདེ་སྐྱིད་རྟོག་ཞིབ་བྱ་འགུལ་ཁྲོད་ཞུགས།


热门新闻

热门图库

热门排行