གནད་བསྡུས། 详情

དོན་གྲུབ་ཀྱིས་གུང་ཧོ་རྫོང་དུ་བྱ་བར་རྟོག་ཞིབ་གནང་བ།

ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་འབྲེལ་ཡོད་མི་སྣ་འཁྲིད་དེ་གུང་ཧོ་རྫོང་གི་མཁར་གྲོང་ཚོང་དོན་ལྟེ་གནས་དང་ཆབ་ཆ་གྲོང་བརྡལ་ཐ་མར་གོང་མ་སྡེ་བའི་དྲོད་ཁང་ཆེ་མོར་སོང་ནས། བེད་སྤྱོད་མ་ཐུབ་བའི་རྒྱུ་ནོར་གྱི་ནུས་པ་འདོན་ཐུབ་པའི་ཐད་ཆེད་དོན་རྟོག་ཞིབ་གནང་བ་དང་། གཞི་རིམ་ལས་བྱེད་པ་དང་སྡེ་མིའི་འཐུས་མི་དང་གླེང་མོལ་བྱས་ནས། ཕྱོགས་སོ་སོས་སྡེ་བའི་བེད་སྤྱོད་མ་ཐུབ་པའི་རྒྱུ་ནོར་ཇི་ལྟར་ཐག་གཅོད་བྱེད་པའི་བསམ་འཆར་བཏོན་པར་ནན་ཏན་གྱིས་ཉན་པ་དང་། རྗེས་མར་སྡེ་བའི་རྒྱུ་ནོར་བེད་སྤྱད་ཐད་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཁོས་སྡེ་བའི་རྒྱུ་ནོར་བེད་སྤྱོད་དང་ད་ཡོད་ཐོན་ལས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་ནི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། གནས་སྤོས་ཡུལ་མིའི་བཀོད་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་མ་འོངས་འབབ་འཕར་བརྟན་བརླིང་ཡོང་བར་འགན་ལེན་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ། ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས་སྡེ་བའི་རྒྱུ་ནོར་ཐོན་ཁུངས་བེད་སྤྱོད་ལེགས་པོར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་སྡེ་བའི་རྒྱུ་ནོར་ཐོན་ཁུངས་ཀྱི་དགེ་མཚན་དང་ས་བབ་ཀྱི་ཆ་རྐྱེན་ལ་དམིགས་ཏེ། ཕྱོགས་ཡོངས་ལ་གཞིགས་ནས་གནས་ཐིག་གཏན་འཁེལ་དང་འཚམ་མཐུན་ལས་རིགས་འཚོལ་ཞིབ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཕན་སྒྱུར་བེད་སྤྱོད་ཀྱི་ཇུས་གཞི་བཟོ་བ་དང་། རྒྱུ་ནོར་གྱི་བདག་དབང་གཏན་འཁེལ་གསལ་བོ་བྱེད་པ། བཀོད་སྒྲིག་གི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་དང་སྒྲིག་སྲོལ་ལ་བརྟེན་ནས་ཐག་གཅོད་བྱེད་པ།ཉེན་ཁ་དང་བྱུར་རྐྱེན་ལ་དཔྱད་དཔོག་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བ་ཁག་སྒྲིག་སྲོལ་དང་མཐུན་པ་དང་གོ་རིམ་ལྡན་པ། ཚོད་འཛིན་བརྟན་པོ་བཅས་ཡོང་བ་བྱས་ནས། ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་དང་། ཕྱོགས་མང་མཐུན་སྦྱོར་མཉམ་འགུལ། བྱ་བའི་མཉམ་ཤུགས་ཆགས་པ། ཚོང་འགུགས་དངུལ་འདྲེན་ལ་ཤུགས་སྣོན་པ། བྱ་བ་ཁག་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། རྒྱང་རིང་གི་ཕུགས་འདུན་དང་འཆར་འགོད་ལེགས་པོ་བཟོས་ནས་ཐོན་ཁུངས་ཕན་སྒྱུར་དང་། ལས་རིགས་གསོ་སྐྱོང་། མ་རྩའི་ཕན་འབྲས་དང་ཐོན་ལས་ཀྱི་ཕན་འབྲས། དམངས་འཚོའི་ཕན་འབྲས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་སུན་ཅུན་ཞཱ་དང་ཡན་ཧའེ་ཧྥེང་། བཀྲ་ཤིས་ཕུན་ཚོགས་བཅས་རྟོག་ཞིབ་བྱ་འགུལ་ལ་ཞུགས།


热门新闻

热门图库

热门排行