མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་གཞུང་ལས་ཁང་གི་མཁའ་ཟོན་ཉེན་བརྡ་ཚོད་གཏོང་སྐོར་གྱི་སྤྱི་བསྒྲགས།
མི་དམངས་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་མཁའ་ཟོན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས་མཁའ་ཟོན་ཉེན་བརྡའི་བརྡ་རྟགས་ལ་རྒྱུས་མངའ་ཡོད་པར་བྱ་ཆེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས>>དང་<<མཚོ་སྔོན་ཞིང་ཆེན་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱེད་ཐབས>>ཀྱི་གཏན་འབེབས་ལྟར། 2026ལོའི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད10དང་སྐར་མ00ནས་ཆུ་ཚོད10དང་སྐར་མ11བར་དུ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར(གྲོང་བརྡལ)་གྱི་ཁྱབ་ཁོངས་སུ་མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱ་རྒྱུ་རེད། ཚོད་གཏོང་སྐབས་སུ་སྤྱི་དམངས་ཀྱིས་མཁའ་ཟོན་ཉེན་བརྡའི་བརྡ་རྟགས་ལ་དབྱེ་འབྱེད་བྱེད་པར་དོ་སྣང་བྱས་ཏེ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་སྒྲིག་ལམ་སྲུང་འཛིན་བྱ་དགོས།
དེ་བས་ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་གཞུང་ལས་ཁང་ནས།
2026ལོའི་ཟླ9པའི་ཚེས4ཉིན།