གནད་བསྡུས། 详情

དོན་གྲུབ་ཀྱིས་ཐུན་ཏེ་དང་ཀོས་ནན་རྫོང་དུ་བྱ་བར་རྟོག་ཞིབ་གནང་།

ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས2ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཐུན་ཏེ་དང་ཀོས་ནན་རྫོང་དུ་རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཐད་ལ་རྟོག་ཞིབ་གནང་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་། ཅན་བཅུའི་ཏང་འཛུགས་སྐྱོང་། དམངས་འཚོའི་བྱ་གཞག་འཕེལ་རྒྱས། དགོན་སྡེའི་དོ་དམ། ཁེ་ལས་འཁོར་སྐྱོད། ལས་གཞི་གལ་ཆེན་འཛུགས་སྐྲུན། དེ་མིན་རུལ་སུངས་གཅིག་སྡུད་བཅོས་སྐྱོང་སོགས་ཀྱི་བྱ་བ་དང་གཉིས་སྦྲེལ་མཉམ་སྐྲུན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་དམིགས་ཚད་ལས་འགན་དེ་དོན་གཉེར་ལས་སྒྲུབ་ཀྱི་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བར་བྱས་ནས། ཅན་བཅུའི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་དང་གཙོ་གནད་བྱ་བ་ཁག་ལ་སྐུལ་འདེད་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཇེ་ལེགས་སུ་བཏང་སྟེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བྱ་དགོས་ཞེས་ནན་གྱིས་བསྟན།

ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་མདོ་སྡེ་བ་དང་འབའ་ཞོལ་མ་སྡེ་བ། རྨ་ཤར་ཤང་གུར་དཀར་སྡེ་བ། ཐུན་ཏེ་རྫོང་དེང་རབས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་སུ་སོང་ནས། གྲོང་གསེབ་ཡུལ་སྐོར་དང་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས། ཁེ་ལས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། དེ་མིན་ཞིང་ཕྱུགས་ཐོན་འཕར་ཡོང་བར་དམིགས་ནས་ཆེད་དོན་རྟོག་ཞིབ་དང་ཞིབ་འཇུག་འཆར་འགོད་རྩ་འཛུགས་བྱས་ཏེ། དངོས་སྒྲུབ་ཕན་ནུས་ལྡན་པའི་བྱེད་ཐབས་ཞིབ་ཕྲ་འདོན་དགོས་པ་དང་། ཡུལ་སྐོར་གྱི་ཆ་སྡེབ་སྒྲིག་བཀོད་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། རིག་གནས་ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཁྱད་ལྡན་འགྲན་བསྡུར་རྩ་འཛུགས་བྱས་ཏེ། ཚུར་འགུགས་ཐུབ་པ་དང་གནས་ཐུབ་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

དོན་གྲུབ་ཀྱིས་ཁ་གཏད་ཤང་གྲོང་སྟེ་རྐ་འབའ་གསུམ་གྲོང་བརྡལ་དུ་བྱ་བར་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་དང་། ཁུལ་གྱི་ཚོགས་འདུ་གསུམ་གྱི་དགོངས་དོན་སྒྲོག་འགྲེལ་དང་། གཉིས་སྦྲེལ་མཉམ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཁུལ་གྱི་ཚོགས་འདུ་གསུམ་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློའི་ངོས་འཛིན་གཅིག་གྱུར་དང་འབད་འཐབ་ཀྱི་མཉམ་ཤུགས་གཅིག་བསྒྲིལ་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁག་གཞི་རིམ་དུ་ཕན་འབྲས་ཐོན་པར་བྱ་དགོས། ཆེད་དོན་བྱ་བའི་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས། ཏང་འཛུགས་སྐྱོང་དང་བྱ་བ་ཁག་མཉམ་འདྲེས་གཏིང་ཟབ་དང་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་།གཉིས་སྦྲེལ་མཉམ་སྐྲུན་ལས་ཁུངས་ཁག་གཞི་རིམ་དུ་ཁྱབ་པ་དང་མཉམ་འདྲེས་བྱས་ནས་གནད་འཁེལ་ཤུགས་འདོན་དང་དམིགས་སར་ཤུགས་བསྣན་ནས།ཅན་བཅུའི་ཏང་འཛུགས་སྐྱོང་གི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་ཀོས་ནན་རྫོང་ཁྲེང་ཀོན་བཅའ་སྡོད་ལམ་ལུགས་སློབ་གྲྭ  ཀོས་ནན་རྫོང་སློབ་འབྲིང་། ཀོས་ནན་རྫོང་ཉི་འོད་བྱིས་སྐྱོང་ཁང་།  ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་མདོ་སྡེ་བའི་འཕྲོད་བསྟེན་ཁང་། ཐུན་ཏེ་རྫོང་བོད་སྨན་ཁང་། ཀོས་ནན་རྫོང་ཧེང་ཅན་ཕན་བདེའི་སྨན་ཁང་བཅས་སུ་སློབ་དཔྱོད་སློབ་ཁྲིད་དང་སློབ་གྲྭའི་བདེ་འཇགས།  མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་བཅོས་སྐྱོང་བཅས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་།  མང་ཚོགས་ཀྱིས་སྨན་པར་བསྟེན་པ་དང་སྨན་ཉོ་བ།  བདེ་ཐང་བརྟག་དཔྱད། སྨན་བཅོས་འགན་སྲུང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད།  རྒན་པའི་འཚོ་བའི་གནས་ཚུལ་ལའང་རྒྱུས་ལོན་བྱས་ཤིང་། ཁོས་གཞི་རྩའི་སྨན་རྫས་དང་རྒྱུན་སྤྱོད་སྨན་རྫས་འདང་ངེས་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་སྨན་པར་བསྟེན་པའི་ཁུར་པོ་ཡང་དུ་གཏོང་དགོས་ཤིང་།   དམངས་ཡོངས་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་ཡག་པོ་བྱེད་པ་དང་གློག་རྡུལ་བདེ་ཐང་ཡིག་ཚགས་འཐུས་ཚང་དུ་གཏོང་བ།  རིམ་བགོས་ནད་བརྟག་སྨན་བཅོས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། བསམ་བློའི་ཆབ་སྲིད་སློབ་གསོར་དམ་འཛིན་དང་སློབ་དཔྱོད་དཔུང་ཁག་སྟོབས་ལྡན་འཛུགས་སྐྱོང་། ཐབས་མང་མཉམ་སྤྱོད་ཀྱིས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།  མི་ཧྲེང་རྒན་པ་དང་དཀའ་ངལ་ཡོད་པའི་རྒན་པའི་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སེམས་རྣལ་དུ་ཕབ་ནས་རྒན་པའི་ཚེ་མཇུག་གི་བདེ་སྐྱིད་སྲུང་སྐྱོང་བྱ་དགོས་ཞེས་བསྟན།   མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དགེ་རྒན་དང་ཕུལ་བྱུང་དགེ་རྒན་ལ་འཚམས་འདྲི་ཞུས་ནས་ཚང་མར་སློབ་གསོའི་བརྩེ་སེམས་ཟབ་མོ་བཅངས་ཏེ་སློབ་མ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ལམ་སྟོན་པ་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།

ཐུན་ཏེ་རྫོང་སེང་ཁྲི་དགོན་དང་ཀོས་ནན་རྫོང་ཀླུ་ཚང་དགོན་དུ་དགོན་བདག་བླ་མ་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་།  དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་འཚམས་འདྲི་གནང་བ་དང་འབྲེལ་བཞུགས་མོལ་བརྗེ་རེས་ཀྱང་བྱས། ཁོས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པ་དང་ཆོས་ལུགས་ལས་དོན་དོ་དམ་གྱི་ལམ་ལུགས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ།  ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན།   

མཚོ་སྔོན་བ་རིང་ཆུ་འཐེན་ནུས་གསོག་ཚད་ཡོད་ཀུང་སིར་ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལྟ་ཞིབ་བྱས་ཤིང་།  ཁོས་སྡེ་ཁག་མང་པོས་མཉམ་འབྲེལ་གྱི་བྱ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དུས་རིམ་ཧྲིལ་པོའི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་ལ་འགན་ལེན་བྱས་ཏེ།  ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས།   ཚན་རིག་དང་མཐུན་པའི་སྒོ་ནས་ཆར་ཆུའི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་བསྟན།  

རྟོག་ཞིབ་རིང་དོན་གྲུབ་ཀྱིས་ད་དུང་ཏང་ཡོན་རྒན་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པར་འཚམས་འདྲི་གནང་ནས་ལྟ་ཞིབ་ཚད་ལེན་དུད་ཁྱིམ་དང་དབུལ་ཐར་ཕྱུག་འགྱུར་དུད་ཁྱིམ་གྱི་མང་ཚོགས་དང་གླེང་མོལ་གནང་སྟེ།  མང་ཚོགས་ཀྱི་རེ་ཞུ་དང་རེ་སྒུག་ལ་ནན་ཏན་ངང་གསན་པ་རེད།  ཁོས་ཞིང་ཕན་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཐུབ་པར་བྱས་ཏེ།  ཏང་གི་ཐུགས་ཁུར་དང་དྲོད་ཁོལ་དངོས་གནས་ཚོར་ཐུབ་པར་བྱ་དགོས་ཞེས་བསྟན།  གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱོག་ཁ་སྡེ་བར་སོང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ།  མཚན་མོའི་དཔལ་འབྱོར་སྐྱེད་སྲིང་བྱས་ནས་རྨ་ཆུའི་ཁུགས་སོའི་ཉ་ལས་ཐོན་ཁུངས་ཀྱི་གློག་སྒྲོན་ལ་བལྟ་བའི་ཡུལ་སྐོར་ལས་རྣམ་ཞིབ་ཚགས་སྒོས་གཏོད་དགོས་ཞེས་བསྟན།


热门新闻

热门图库

热门排行