ཁུལ་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)ཚོགས་འདུ་བསྡུས།
ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)་ཚོགས་འདུ་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། སློབ་སྦྱོང་སློབ་གསོའི་ཡུན་ཕན་ལམ་སྲོལ་འཛུགས་པའི་བྱ་བར་བཀོད་སྒྲིག་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མགོ་གཙོ་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་།
གཞུང་དངོས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་ཡུན་ཕན་ལམ་སྲོལ་འཛུགས་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་ཡོད་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུའི་ཐད་ཁྱོན་ཡོངས་དང་བྱེ་བྲག་གི་བཀོད་སྒྲིག་བྱས་པ་དེར་ལག་བསྟར་དངོས་འབེབས་བྱ་དགོས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱི་དོན་དུ་ཏང་འཛུགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་བ། དམངས་ལ་བདེ་སྐྱིད་བསྐྲུན་པའི་རིན་ཐང་འཚོལ་སྙེག་ལག་ལེན་བྱེད་པ། དམ་པ་དོན་གཉེར་གྱི་དངོས་གཉེར་སྤྱོད་ཚུལ་འཛིན་པ། སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པའི་སྒྲིག་ཁྲིམས་ཀྱི་མ་མཐའི་ཚད་གཞི་ནན་སྲུང་བྱེད་པ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་དང་སློབ་གསོ་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། བློ་ཐག་རྦད་ཆོད་ཀྱིས་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་། དོན་དངོས་བསྒྲུབ་པའི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་དགོས་ཞེས་བསྟན།
ཚོགས་འདུ་ལས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་འཛིན་གྲྭའི་མཛུབ་སྟོན་ནུས་ལྡན་འོག ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཕྲག་ཏུ་ཁུར་ནས། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར། འཛུགས་སྐྱོང་བཅས་གཞི་གཅིག་ཏུ་སྦྲེལ་ནས་སྐུལ་སྤེལ་བཏང་བས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་བརྟན་པོ་ཆགས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་མིན་པར་ནུས་ལྡན་གྱིས་ཡོ་བསྲང་བྱས་པ། གནད་དོན་ཞིབ་བཤེར་དང་བརྡར་ཤ་གཅོད་ཚུལ་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས། སྲིད་འབྲས་བྱས་རྗེས་ཀྱི་ལྟ་བ་ཡང་དག་མིན་པའི་གནད་དོན་འབུར་ཐོན་ཅན་ལ་ནུས་ལྡན་གྱིས་ཐག་གཅོད་བྱས་པ། དག་ཐེར་དང་བཅོས་སྐྱོང་སྔར་བས་གཟབ་ནན་བྱུང་ནས། ལོ་རྒྱུས་ཐོག་ལུས་པའི་གནད་དོན་དང་། མང་ཚོགས་ཀྱི་སེམས་ཁྲལ་དང་རེ་བའི་གནད་དོན་ལ་ངེས་དོན་གྱིས་ལན་སློག་པ། ཡུན་ཕན་ལམ་ལུགས་སྔར་བས་ཁྱོན་ཡོངས་ནས་འཐུས་ཚང་དུ་ཕྱིན་ནས། ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་ལྟར་ཐབས་ཇུས་འགོད་པ་དང་དབང་ཆ་སྤྱོད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན། སློབ་གསོའི་ཕན་འབྲས་སྔར་བས་མངོན་གསལ་ཐོབ་ནས། དམངས་འཚོའི་བྱ་བ་དངོས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་བསྟོད་བསྔགས་ཐོབ་པས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཡག་པོ་ཞིག་རྩོམ་རྒྱུར་བསམ་བློའི་རྨང་གཞི་དང་བྱ་བའི་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་བསྟན།
ཚོགས་འདུ་ལས་སྲིད་འབྲས་ལྟ་བའི་སློབ་སྦྱོང་སློབ་གསོ་ནི་མཇུག་རྫོགས་པ་མ་ཡིན་པར་མགོ་རྩོམ་ས་གསར་པ་ཞིག་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་སྦྱོང་བརྡར་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་འབྲས་ལྟ་བའི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྐབས་བརྗེའི་རྗེས་ཀྱི་ཏང་སྲིད་ཀྱི་མགོ་ཁྲིད་དང་གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པ། ན་གཞོན་ལས་བྱེད་པ། ལས་རྐང་གཙོ་བོའི་ལས་བྱེད་པ་བཅས་ཀྱི་སློབ་གསོའི་གསོ་སྐྱོང་དམ་འཛིན་ལེགས་པོ་བྱ་དགོས། དག་ཐེར་ཡོ་བསྲང་ལ་མུ་མཐུད་དུ་དམ་འཛིན་བྱེད་པ་དང་དུས་བསྟུན་གྱིས་ཕྱིར་མིག་བལྟས་ཏེ། མགོ་ཁྲིད་གསར་པས་སྔོན་ཆད་ཀྱི་དོན་དག་ལ་དོ་སྣང་མི་བྱེད་པར་དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། གོ་རིམ་ལྡན་པའི་སྒོ་ནས་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་ཀྱི་ཁྲིད་སྟོན་རྒྱུན་མཐུད་ངང་བརྟན་པོར་བཏང་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཏན་ཏིག་གིས་བསྐྱོད་པ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བར་ཟུང་འབྲེལ་སྒོས་དཔྱད་ཞིབ་གདེང་འཇོག་མ་ལག་གསལ་བོ་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་ཚོད་འཛིན་རྒྱུན་མཐུད་ངང་ནན་མོར་བཏང་ནས་ལྟ་སྐུལ་གྱི་རིགས་སྣ་ཚོགས་འབྲེལ་མཐུད་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་མོར་འགྱུར་བར་བྱས་ནས། དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ལ་གྲུབ་འབྲས་བཟང་པོ་ལེན་པ་དང་རྣམ་པ་གསར་པ་གཏོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། ཁུལ་གྱི་མགོ་ཁྲིད་ཀྲང་ཅུན་ལུའུ་དང་སུན་ཅུན་ཞཱ། ཏེང་ཧྲེང་ཕེང་། ལི་ཝེ། བསོད་ནམས་བདེ་སྐྱིད། ཡན་ཧའེ་ཧྥེང་། མཱ་ཞའོ་ཝེ་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།