ལི་ཆང་གིས་ཨ་རི་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ།

ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་ཨ་རི་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས1ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་ཨ་རི་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཐི་ལང་ཕུའུ་གཉིས་ཀྱིས་པེ་ཅིན་དུ་མཇལ་འཛོམས་གྲོས་མོལ་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། ཀྲུང་གོས་ཨ་རི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། འགལ་བ་དོ་དམ་ཚོད་འཛིན་འོས་འཚམ་བྱས་ཏེ་ཀྲུང་ཨ་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ཕྱོགས་གཉིས་ཀྱི་ནང་གནས་ཀྱི་དགོས་མཁོ་ཡིན་ལ། ཡང་དག་པའི་གདམ་ག་ཞིག་ཀྱང་ཡིན། ཀྲུང་གོས་ཨ་རི་ནས་ཀྲུང་གོར་ཡོང་བའི་ཁེ་ལས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ལ། ཨ་རིས་ཀྱང་ཀྲུང་གོས་དོ་ཁུར་གནང་བའི་བྱ་བ་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད། རེ་བར་ཨ་ཀྲུང་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་ཀྲུང་ཨ་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བའི་རེ་བ་བཅངས་ཡོད།
ཨ་རི་ཕྱོགས་ཀྱི་མི་སྣས་བསྟན་དོན། ཨ་རིའི་བཟོ་ཚོང་ལས་རིགས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཀྲུང་གོར་མུ་མཐུད་དུ་རྐང་འཛུགས་པ་དང་། ཀྲུང་གོར་དངུལ་གཏོང་ཆེ་རུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཡུན་རིང་གྲོགས་པོ་དང་ཨ་ཀྲུང་འབྲེལ་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་བློ་བརྟན་འགྱུར་མེད་ངང་བྱ་རྒྱུ་ཡིན།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །