ཞི་ཅིན་ཕིང"ཧྲང་ཧའེ་མཉམ་ལས་རྩ་འཛུགས+"གྱི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ།

ས་དེའི་དུས་ཚོད་ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ"ཧྲང་ཧའེ་མཉམ་ལས་རྩ་འཛུགས+"གྱི་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་བྱང་ལ《འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་གིས་དར་སྤེལ་བཏང་སྟེ་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ"ཧྲང་ཧའེ་མཉམ་ལས་རྩ་འཛུགས+"གྱི་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་བྱང་ལ《འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་གིས་དར་སྤེལ་བཏང་སྟེ། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་པ་དང་འཛམ་གླིང་སྣེ་མང་ཅན་བསྐྲུན་རྒྱུར་དམིགས་ཡོད་པས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཅོས་སྒྱུར་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་དུས་རབས་ཀྱི་འགན་འཁྲི་འཁུར་སེམས་ལེགས་པར་མངོན་ཡོད། དེང་སྐབས། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ལ་མགྱོགས་མྱུར་སྒོས་འཕེལ་འགྱུར་བྱུང་བཞིན་ཡོད་ལ། བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ལྡོག་ཕྱོགས་སུ་སྐྱོད་བཞིན་ཡོད་ན་ཡང་། རྒྱལ་ཁབ་མང་པོ་ཞིག་གིས་བཙན་དབང་ཆབ་སྲིད་ཁས་ལེན་མི་བྱེད་ལ། འགལ་བ་དང་གདོང་ཐུག་མི་བྱེད་པའི་རེ་བ་བཅངས་ཡོད་པར་མ་ཟད། བཀག་སྡོམ་དང་རྗེས་ལུས་ཀྱང་ཐེབས་འདོད་མེད་པར། རང་ངོས་ཀྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་འཛམ་གླིང་གི་ལས་སྟེགས་སྟེང་འདྲ་མཉམ་གྱི་གོ་གནས་ཤིག་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་སྟེ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་ཆེན་པོ་གཏན་ནས་ལྡོག་ཐབས་མེད། འཛམ་གླིང་ལ་སྣེ་མང་ཅན་ཅི་འདྲ་ཞིག་དགོས་པ་ཡིན་ནམ། རྒྱལ་ཁབ་སོ་སོ་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཇི་ལྟར་ཞུགས་དགོས་སམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ཏེ། ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་པའི་ཡང་དག་གི་གདམ་ག་ཞིག་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཧུར་ཐག་གིས་དར་སྤེལ་གཏོང་དགོས་པ་དང་། བདག་དབང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་གཞི་རྩའི་རྩ་དོན་ཡིན་པས། དོ་མཉམ་རིམ་ལྡན་དང་ཁྲིམས་སྐྱོང་བརྩི་སྲུང་བྱེད་པ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། ཕྱོགས་མང་རིང་ལུགས་དང་གླེང་མོལ་གྲོས་མོལ་བྱ་རྒྱུ་ནི་གནད་འགག་གི་ཐབས་ལམ་ཞིག་ཡིན་པས། གཉིས་ཕན་མཉམ་རྒྱལ་དང་ཀུན་ཕན་དཀྱེལ་ཡངས་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན། རྒྱལ་ཁབ་སོ་སོའི་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་གང་ཡིན་ལ་མ་བལྟོས་པར་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡིན་པ་རྒྱུན་འཁྱོངས་བྱ་དགོས། གོ་ལ་ཧྲིལ་བོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ནི་སྣེ་མང་རྣམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། སྣེ་མང་ཅན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་ཀྱང་ཡིན་པས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བརྗོད་དབང་ཆ་ཇེ་མཐོར་གཏོང་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས་པ་དང་། ཚད་གཞི་ཉིས་བརྩེགས་ཅན་དང་། དམིགས་བསལ་རིང་ལུགས། བཙན་ཤེད་ལ་ཐེ་གཏོགས་བྱེད་པ། ཆེ་བཙན་ཆུང་བརྙས་བཅས་དོར་ནས་རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཆེན་པོས་ལྷག་ཏུ་སྣེ་ཁྲིད་དེ་སྒྲིག་སྲོལ་སྲུང་བ་དང་ཁྲིམས་སྐྱོང་ལ་དོ་སྣང་བྱས་ཏེ། གོ་ལ་རང་བཞིན་གྱི་དཀའ་གནད་ལ་མཉམ་ལས་བྱས་ནས་ཁ་གཏད་གཅོག་དགོས། འཛམ་གླིང་གི་ལས་དོན་དག་རྒྱལ་ཁབ་སོ་སོས་གྲོས་མོལ་བྱས་ནས་སྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་དེ་རྒྱལ་ཁབ་སོ་སོས་ཐུན་མོང་གིས་གཏན་ལ་ཕབ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གསོན་ཤུགས་སླར་གསོ་བྱས་ཏེ། གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་ཕྱོགས་མང་ལམ་སྲོལ་སྣ་ཚོགས་སྔར་ལས་མཐུན་སྦྱོར་དང་ལས་ཆོད་ཇེ་མཐོར་གཏོང་དགོས། འཕེལ་རྒྱས་ཀྱི་གྲོས་དོན་ལ་དམིགས་ཏེ། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས་ལ། གྲངས་འཛིན་དང་རིག་ནུས་ཀྱི་ཧེ་བག་གསབ་ནས་ལག་རྩལ་གསར་བརྗེ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཐོགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལོ25ཡི་འཕེལ་རྒྱས་བརྒྱུད་ནས་རྒྱལ་ཁབ་ཆེན་པོའི་བར་དང་། ཁྱིམ་མཚེས་རྒྱལ་ཁབ་བར། རྒྱལ་ཁབ་ཆེ་ཆུང་བར་གྱི་དཔེ་མཚོན་རང་བཞིན་གྱི་འབྲེལ་བ་བདེ་བླག་ངང་བཙུགས་ཏེ། གོ་ལ་ཧྲིལ་པོའི་མི་འབོར་ཕྱེད་ཀ་དང་བཞི་ཆའི་གཅིག་གི་དཔལ་འབྱོར་སྤྱི་འབོར་གྱི་འཕེལ་རྒྱས་ཀྱི་སྒྲིལ་ཤུགས་བདེ་བླག་ངང་གཅིག་སྡུད་བྱས། སྔར་ལས་མཐུན་སྒྲིལ་དང་གསོན་ཤུགས་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས། ཕྱོགས་སོ་སོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དགོས་པ་དང་། དུས་རབས་ཀྱི་འགན་འཁྲི་འཁུར་བ། མི་གཞི་རྩར་འཛིན་པ་དང་། འགུལ་སྐྱོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་གིས་དར་སྤེལ་བཏང་སྟེ། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་རྒྱུའི་ཐད་གྲོས་འགོ་གསུམ་བཏོན་ཡོད་དེ།
གཅིག"ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས"ལ་བརྟེན་ནས་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་མོའི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་དགེ་མཚན་འདོན་སྤེལ་དང་བག་ལ་ཞ་བའི་ནུས་ཤུགས་སྔོག་འདོན་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་བྱས་ནས་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་མོའི་འཕར་སྣེ་མང་པོ་སྦྲེལ་མཐུད་དང་། ཕན་ཚུན་ནུས་སྩོལ། ཕན་ཚུན་མཉམ་སྒྲུབ་བཅས་བྱས་ནས། གོ་སྐབས་མཉམ་སྐྲུན་དང་། དར་རྒྱས་མཉམ་སྤྱོད་བྱེད་དགོས།
གཉིས། "ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བློ་གྲོས"ལ་བརྟེན་ནས་འཛམ་གླིང་གི་ལྷོ་ཕྱོགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། "ཧྲང་ཧའེ་ཡི་སྙིང་སྟོབས"དར་སྤེལ་བཏང་སྟེ། "ཧྲང་ཧའེ་མཉམ་ལས་རྩ་འཛུགས་+་"གྱི་གྲོགས་པོར་མཐུན་སྒྲིལ་དང་རྒྱ་སྐྱེད་ནས་ཐུན་མོང་གིས་ཞི་བདེ་ལ་འབོད་སྐུལ་གཏོང་བ་དང་། འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། མཉམ་ལས་ལ་སྦྲེལ་ཟམ་བཙུགས་ཏེ། གཉིས་རྒྱལ་ཡོང་བར་ཐབས་ལམ་བསྐྲུན་དགོས།
གསུམ་ནས་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྒྱལ་ཁབ་སོ་སོའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་རིམ་གྱི་ཁྱད་ཆོས་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་སྟེ། ཁྲིམས་འཛུགས་ལས་ཁུངས་དང་སྲིད་ཏང་། སློབ་གྲྭ། རིག་མཛོད། ཁེ་ལས། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་དྲ་བ་བཙུགས་ནས། དམངས་ཁྲོད་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་མཛའ་མཐུན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་དོན་འཁྱོལ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་དམངས་ཁྲོད་མཛའ་མཐུན་ལས་ཁུངས་ཀྱི་ནུས་པ་སྔར་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྨང་གཞིའི་སློབ་གསོའི་མཉམ་ལས་ལྟེ་གནས་འཛུགས་རྒྱུ་མ་ཟད་ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་སོགས་རྣམ་གྲངས་བརྒྱུད་དེ་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། དམངས་སེམས་གཅིག་མཐུན་གྱི་སྦྲེལ་ཟམ་འཛུགས་འདོད་ཡོད།
བཞི་ནས་གླེང་མོལ་དང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་ལས་དོན་མཉམ་གྲོས་མཉམ་གླེང་དང་། མཐུན་པ་གཅིག་སྒྲིལ་དང་མི་མཐུན་པ་སེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་དང་མི་མཐུན་པ་ཐག་གཅོད་འོས་འཚམ་བྱས་ཏེ། ཕྱོགས་མང་རོགས་ལས་ལ་བརྟེན་ནས་ཐུན་མོང་གི་འགྲན་སློང་ལ་གདོང་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ལག་ཏུ་བསྟར་བར་དཔེ་སྟོན་རང་བཞིན་གྱི་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་སྐྱོད་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། ཐབས་ཇུས་དང་ལག་བསྟར་ལས་ཕྱོད་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན། བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་སྔར་བས་མང་བ་གྲོགས་པོར་གྱུར་ནས་ཁུལ་ཁོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཐུན་མོང་ཐོག་ཞུགས་རྒྱུར་དགའ་བསུ་ཞུ།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། "ཧྲང་ཧའེ་སྙིང་སྟོབས"ཀྱི་དར་ཆ་མུ་མཐུད་དུ་མཐོན་པོར་བསྒྲེངས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་པའི་ལོ10ཡི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་བྱས་ཏེ། སྤུས་ཚད་སྔར་བས་མཐོ་བའི་འཕེལ་རྒྱས་ཧུར་ཐག་གིས་མངོན་འགྱུར་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་བྱས་རྗེས་སྔར་བས་ཆེ་བ་འཇོག་དགོས།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཅིར་ཅི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲེན་ཁོའོ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་ལང་གི་སྲིད་འཛིན་ཕེ་ཙེ་ཞིས་ཆི་དབྱང་། ཧ་སག་སི་ཐན་གྱི་སྲིད་འཛིན་ཐུའོ་ཁ་ཡེ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་། ཐ་ཅི་ཁོ་སི་ཐན་གྱི་སྲིད་འཛིན་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་སྨིར་ཅི་གཡོད་ཡེ་ཧྥུའུ། དེ་མིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཨར་མེ་ཁེ་པ་ཡེ་ཧྥུའུ་སོགས་གྲོས་ཚོགས་ལ་ཞུགས།
ཚོགས་ཞུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ25འཁོར་བའི་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་དང་དར་རྒྱས་ལ་འགན་སྲུང་གལ་ཆེན་མཁོ་འདོན་བྱས་ནས། གོ་ལ་ཧྲིལ་པོའི་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུའི་གྲས་ཤིག་ཏུ་གྱུར་པར་འདོད། ཕྱོགས་སོ་སོས་ཀྲུང་གོ་དེ་གསར་གཏོད་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་པར་བསྔགས་བརྗོད་བྱེད་ལ། 2025ལོའི་ཐེན་ཅིན་རྩེ་ཚོགས་ཀྱི་འཐབ་ཇུས་རི་མོ་ཧུར་ཐག་སྒོས་དོན་འཁྱོལ་བྱས་ཏེ། "ཧྲང་ཧའེ་ཡི་སྙིང་སྟོབས"མུ་མཐུད་དུ་དར་སྤེལ་གཏོང་བ་དང་། རྐྱེན་སྲོལ་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཉོ་ཚོང་དང་དངུལ་གཏོང་། ཚན་རྩལ། ནུས་ཁུངས། དངུལ་རྩ། ཐོན་སྐྱེད་དང་མཁོ་སྤྲོད་མུ་ཕྲེང་། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་སེམས་སྦྲེལ་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་འགྲན་སློང་གསར་པར་མཉམ་དུ་གདོང་གཏོད་པ་བཅས་བྱས་ནས། ཞི་བདེ་ཡུན་བརྟན་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་པར་འཐད་པ་བྱུང་། འགྱུར་ལྡོག་དང་ཟིང་ཆ་འདྲེས་པའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རོགས་ལས་བྱས་ཏེ། རྩ་འཛུགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་དང་། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ས་ཁུལ་དེ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་། དར་རྒྱས་བཅས་ཀྱི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་དགོས།
ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་པི་ཧྲི་ཁའེ་ཁིའི་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པ་མ་ཟད་འགྲེམས་སྤེལ་བྱས་ལ། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩ་འཛིན》གྲོས་ཆོད་ཡི་གེ་དང་། བདེ་འཇགས་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཕྱོགས་བསྡུས་ལྟེ་གནས་ཀྱི་སྲོལ་ཡིག་དང་དུག་རྫས་གཏན་འགོག་ལྟེ་གནས་སྲོལ་ཡིག་བཅས་ལ་བཟོ་བཅོས་དང་ཁ་གསབ་བྱེད་པའི་ཆོག་མཆན་བཀོད་ཅིང་། བདེ་འཇགས་དང་། དཔལ་འབྱོར། མི་ཆོས་མཉམ་ལས་། རྩ་འཛུགས་འཛུགས་སྐྱོང་སོགས་ལ་ཤུགས་སྣོན་པའི་གྲུབ་འབྲས་ཡིག་ཆ28ལ་གྲོས་འཆམ་བྱུང་།

ས་དེའི་དུས་ཚོད་ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ"ཧྲང་ཧའེ་མཉམ་ལས་རྩ་འཛུགས+"གྱི་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་བྱང་ལ《འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ཐུན་མོང་གིས་དར་སྤེལ་བཏང་སྟེ་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མངོན་འགྱུར་བྱེད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་ནི་ཀྲ་ཕ་ལའོ་ཧྥུའུ་ཡིས་ཚོགས་ཞུགས་འཐུས་ཚབ་ཚོགས་པའི་ཚོགས་གཙོར་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་མ་ཟད་ཐུན་མོང་མཉམ་པར་ཡང་བསྐྱོན།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས། །