གཙོ་གནད། 详情

ཞི་ཅིན་ཕིང་ཁེ་རོ་རུ་ཕེབས་ཏེ་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་མཛད་པ།

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས1ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁེ་རོ་རུ་ཕེབས་ཏེ། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞིས་གདན་ཞུས་ལྟར་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས1ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁེ་རོ་རུ་ཕེབས་ཏེ། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞིས་གདན་ཞུས་ལྟར་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་མཛད། 

ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཁེ་རོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཕེབས་པ་ན། སྲིད་འཛིན་སའེ་ཞིས་བཟའ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས། གུས་དམག་རྣམས་ས་གདན་དམར་པོའི་གཡས་གཡོན་དུ་གྲལ་བསྒྲིགས་ཏེ་གུས་འདུད་བྱས་པ་དང་། ཨེ་ཅིབ་ཀྱི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་བཞིན་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་དགའ་བསུ་ཆེན་པོ་ཞུས། 

ཞི་ཅིན་ཕིང་གིས་ཡིག་ཐོག་ནས་གསུང་བཤད་གནང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་ཨེ་ཅིབ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀ་ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པས། སྲོལ་རྒྱུན་མཛའ་གྲོགས་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་ཤིང་ནམ་ཡང་བརྟན་པོ་ཡིན། ཕྱི་འབྲེལ་བཙུགས་པའི་ལོ་ངོ70ཡི་རིང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ཇི་ལྟར་འགྱུར་ལྡོག་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རོགས་རེས་དང་མཉམ་ལས་རྒྱལ་ཁ་ཐོབ་པར་བྱེད་ཡོད། ཉེ་བའི་ལོ་འགའི་རིང་ང་དང་སྲིད་འཛིན་སའེ་ཞིས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨེ་ཅིབ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་། རྒྱལ་ཁབ་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་མོ་ཡོད་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཕྱོགས་མང་ལས་དོན་ཁྲོད་འབྲེལ་བ་དམ་ཟབ་དང་ནུས་པ་ལྡན་པ་བཅས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབསོ་སོ་དང་མཛའ་མཐུན་མཉམ་གནས་དང་མཐུན་སྒྲིལ་གཞོགས་འདེགས་བྱེད་པའི་མིག་དཔེ་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ངས་སྲིད་འཛིན་སའེ་ཞིས་དང་ལྷན་དུ་ཀྲུང་གོ་དང་ཨེ་ཅིབ་བར་གྱི་འབྲེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས། དེ་བཞིན་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་ཀྲུང་གོ་དང་ཨེ་ཅིབ་བར་གྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བའི་འཆར་གཞི་གསར་པ་འགོད་དེ། ཀྲུང་གོ་དང་ཨེ་ཅིབ་བར་གྱི་མཛའ་བརྩེ་ལོ་རྒྱུས་ལེའུ་གསར་པ་རྩོམ་ཐུབ་པའི་རེ་བ་བཅངས་ཡོད། 

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས1ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁེ་རོ་རུ་ཕེབས་ཏེ། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞིས་གདན་ཞུས་ལྟར་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་མཛད། 

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ཡང་གནམ་གྲུ་གཅིག་གི་ནང་འབྱོར་བ་རེད། 

ཨེ་ཅིབ་ཏུ་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེན་མོ་ལིའོ་ལི་ཆང་ཀྱང་གནམ་གྲུ་འབབ་ཐང་དུ་བསུ་མ་བྱེད་པར་ཡོང་ཡོད། །

热门新闻

热门图库

热门排行