གནད་བསྡུས། 详情

ཞུང་ཡོན་ལའེ་ཡིས་ཞིན་ཧེ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ།

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཞིན་ཧེ་རྫོང་དུ་ཞུ་གཏུག་མང་ཚོགས་སྣེ་ལེན་བྱས་པར་མ་ཟད་སྟོན་དུས་ཀྱི་སློབ་ཚུགས་བྱ་བར་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཡིག་གཏུག་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ། དུས་ནམ་ཡང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་སྒོས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱིས་སེམས་ཁྲལ་དང་དོ་ཁུར་བྱེད་པའི་གནད་དོན་ཐག་བཅད་དེ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ཞིག་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

སྣེ་ལེན་བྱེད་པའི་ཡུལ་དངོས་སུ། ཞུང་ཡོན་ལའེ་ཡིས་མང་ཚོགས་ཀྱི་རེ་ཞུར་ནན་ཏན་གྱིས་ཉན་པ་མ་ཟད་རྫོང་དང་ཤང་གིས་ཐག་གཅོད་བྱས་པའི་གནས་ཚུལ་ལ་ཉན་ནས། ཡུལ་དངོས་སུ་ཐག་གཅོད་བྱེད་ཐབས་དང་ཡིག་གཏུག་གྱོད་གཞི་འདུམ་འགྲིག་འགན་ལེན་བྱེད་པའི་དོན་ཚན་ལ་ཞིབ་འཇུག་བྱས། ཁོས་ལམ་ལུགས་ལམ་སྲོལ་དང་སྲིད་ཇུས་སྒྲོག་འགྲེལ། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཞན་ཆར་བསམ་གཞིགས་གང་ལེགས་བཏང་ནས། ཡིག་གཏུག་གྱོད་གཞིའི་ཁྲོད་ཀྱི་བསླབ་བྱ་བསྡུ་ལེན་དང་ཉེན་བརྡ་ནན་མོ་གཏོང་དགོས། དམངས་ཚིས་མ་དངུལ་སྟེར་བ་སོགས་གནད་འགག་གི་ལས་རྐང་དང་གནད་འགག་གི་གོ་རིམ་ལ་གཞིགས་ནས། མང་ཚོགས་མཐའ་འཁོར་གྱི་རུལ་སུངས་ཆུང་བའི་གནད་དོན་ལ་གནད་འཁེལ་གྱིས་བཅོས་སྐྱོང་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་པ་དང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འབྱུང་རྩ་ནས་ཉེན་ཁ་དང་སྐྱོན་ཆ་སེལ་དགོས། ཅན་བཅུའི་ཏང་འཛུགས་ཀྱི་ཆེད་དོན་བྱ་བའི་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་ཕན་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་སྒྲོག་འགྲེལ་དང་ལག་བསྟར། ལྟ་སྐུལ་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། སྲིད་ཇུས་བཟང་པོར་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཏུ་འཇུག་དགོས། འགལ་ཟླ་རྩོད་གཞིར་རྩད་ཞིབ་ནན་མོ་དང་གྲལ་བཤེར་ཆེན་མོ། འདུམ་འགྲིག་ཆེན་མོ་བཅས་བྱེད་པའི་བྱ་བ་སྤེལ་ནས། གདུབ་ཟུམ་རྗེས་འདེད་ལྟ་སྐུལ་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུར་ཁྲིམས་ལྟར་འགན་སྲུང་བྱ་དགོས། དུས་ནམ་ཡང་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ། བློ་གཅིག་སེམས་གཅིག་གིས་དམངས་ཚིས་རོགས་སྐྱོར་བྱ་བ་ལེགས་པོར་བསྒྲུབས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཚོར་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧེ་རྫོང་རྩི་གོར་ཐང་དཀྱིལ་སྙིང་སློབ་གྲྭ་དང་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ། ཞུང་ཡོན་ལའེ་སློབ་ཁང་དང་ཟ་ཁང་། སློབ་མའི་མལ་ཁང་སོགས་སུ་སོང་སྟེ། སློབ་རའི་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད། བདེ་འཇགས་དོ་དམ་སོགས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། སློབ་གྲྭའི་སློབ་མགོ་ཚུགས་པའི་གྲ་སྒྲིག་བྱ་བ་དང་སློབ་མའི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཞིན་ཧེ་རྫོང་གི་འོས་འགན་སློབ་གསོའི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ། ཁོས་སློབ་གསོ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་དམ་ཟབ་ཡོད་པས། དུས་ནམ་ཡང་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་གྲྭའི་བདེ་འཇགས་དམ་འཛིན་བྱས་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་དགོས། བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་དང་སེམས་ཁམས་བདེ་ཐང་གི་སློབ་གསོར་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། སློབ་མ་ཚོར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ཏེ། སློབ་མ་རྣམས་བདེ་ཐང་གིས་འཚར་ལོངས་འབྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རོང་འབྲོག་ས་ཁུལ་གྱི་གཞིས་སྲུང་བྱིས་པ་དང་གྲོང་ཁྱེར་དུ་ཞོར་ལས་བྱེད་པའི་མང་ཚོགས་ཀྱི་བུ་ཕྲུག་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བྱས་ནས་སློབ་གསོའི་དྲང་གཞག་གི་མཐའ་ཚད་བརྟན་པོར་སྲུང་དགོས། སློབ་རའི་ཟ་མར་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། སྒྲིག་འགལ་གྱིས་ཟུར་ཁྲིད་སློབ་དེབ་མངག་ཉོ་དང་སློབ་ལྭ་ཉོ་སྒྲུབ་སོགས་ཀྱི་གནད་དོན་དག་ཐེར་བྱས་ནས་སྤྱོད་གཙང་སློབ་གཉེར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱ་རྒྱུར་རྒྱུན་འཁྱོངས་དང་ཆེད་དོན་ལས་དོན་ཚོགས་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲྭའི་བྱུར་རྐྱེན་ལ་རྒྱུན་རྣམ་ཅན་གྱིས་གྲལ་བཤེར་བྱས་ནས་ཉལ་ཁང་གི་ཁོར་ཡུག་ལ་གཙང་སྦྲ་ཡག་པོ་བྱེད་པ། སློབ་རའི་མཛེས་བཟོ་ལྗང་སྒྱུར་ལ་དམ་འཛིན་བཅས་བྱས་ནས། བདེ་འཇགས་དང་སྤྲོ་སྐྱིད་ཅན་གྱི་སློབ་བུ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་ཅིག་གཏོད་པ་དང་སློབ་མ་རྣམས་བདེ་ཐང་གིས་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་ཡན་ཧའེ་ཧྥེང་། ཕན་ལེ་ཡུན་བཅས་རྟོག་ཞིབ་ལ་ཞུགས།།

热门新闻

热门图库

热门排行