སྲིད་དོན། 详情

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཟླ8པའི་ཚེས31ཉིན། ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཚེ་བརྟན་སྒྲོལ་མས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་འཆར་ཟིན། ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་དུས་ཚོད་དང་གྲོས་གཞི། ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་གཞིའི་མིང་ཐོ་བཅས་ལ་ཞིབ་འཇུག་བྱས་པ་དང་། ཀྲུའུ་རེན་གྲོས་ཚོགས་ལས་མོས་མཐུན་བྱུང་བའི་གྲོས་གཞི་དེ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཡར་སྤྲོད་བྱས་ནས་གྲོས་འཆམ་བྱུང་།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ་དང་མཱ་ཧྲའོ་ཧྥུའུ། ཡན་ཧའེ་ཧྥེང་། དཀོན་མཆོག་སྐྱབས། དྲུང་ཡིག་ཆེན་མོ་ཝང་ཀུའོ་ཞུན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཁུལ་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།


热门新闻

热门图库

热门排行