སྲིད་དོན། 详情

ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས31ཉིན། ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཚེ་བརྟན་སྒྲོལ་མས་ཚོགས་འདུར་མགོ་འཛིན་གནང་།

ཚོགས་འདུ་ལས《ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར་གླེང་བ》ཞེས་པའི་ལེའུ་ཁ་ཤས་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་པར་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཟླ8པའི་ཚེས4ཉིན་ནས་ཚེས5ཉིན་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་བྱ་བའི་བླང་བྱ་དང་། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

གྲོས་ཚོགས་ལས་བྱ་བའི་མགོ་གསར་པ་རྩོམ་པའི་སྐབས་སུ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་གསར་པའི་མགོ་ཁྲིད་ཚན་སྐོར་ཁོངས་མི་རྣམས་ཀྱིས་མྱུར་དུ་རྣམ་པ་གསར་བསྒྱུར་དང་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། བྱ་བ་འབད་པས་སྒྲུབ་ནས་རྣམ་པ་གསར་པ་དང་། འགན་འཁྲི་འཁུར་ཕོད་པ།བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྟེང་ནས་བྱ་བ་ལེགས་བསྒྲུབ་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཏང་ལ་བློ་དཀར་པ་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་རྩ་བ་དམ་པོར་འཛིན་པ་དང་ཆབ་སྲིད་ཀྱི་དོ་དམ་ལེགས་པོར་བརྟེན་ནས། ཏང་ཀྲུང་དབྱང་གི་ཆོད་དོན་བློ་ཐག་རྦད་ཆོད་ཀྱིས་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འགོག་བྱེད་པ་འགྱུར་མེད་ཀྱིས་ལག་བསྟར་བཅས་བྱ་དགོས། དུས་ནམ་ཡང་ཁུལ་ཨུའི་ལྟེ་བའི་བྱ་བར་དམིགས་ནས་ཞབས་འདེགས་ཞུ་བ་དང་། ཁུལ་ཨུའི་བྱ་བའི་གཙོ་གནད་གང་དུ་ཡོད་ན་དམངས་ཆེན་གྱི་སྟོབས་ཤུགས་དེ་གར་འདུ་བ་དང་། དམངས་ཆེན་གྱི་ལྟ་སྐུལ་དེ་གར་སྐུལ་འདེད་བྱས་ནས། དམངས་ཆེན་གྱི་བྱ་བ་དེ་ཁུལ་ཨུའི་བསམ་བློ་གཅིག་མཐུན་དང་། དམིགས་ཡུལ་གཅིག་མཐུན། བྱ་སྤྱོད་གཅིག་མཐུན་བཅས་ཡོང་བར་བྱ་དགོས། དུས་ནམ་ཡང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་དང་ཁྲིམས་སྐྱོང་གི་དགོངས་པར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་དང་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས། འཐུས་མིའི་རྩ་འཛུགས་བཅའ་ཁྲིམས་བཅས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། དམངས་ཆེན་གྱི་གྲོས་དོན་ལམ་སྲོལ་དང་ལས་སྒྲུབ་གོ་རིམ་ཕྱོགས་ཡོངས་ནས་རྒྱུས་ལོན་བཅས་བྱས་ཏེ། དམངས་ཆེན་ཁྲིམས་བསྟར་ལས་སྒྲུབ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམངས་ཆེན་གྱི་བྱ་བར་རྒྱུས་མངའ་ཡོད་མཁན་ཞིག་ཏུ་འགྱུར་གང་ཐུབ་བྱ་དགོས། དུས་ནམ་ཡང་འགན་འཁུར་ཕོད་པ་རྒྱུན་འཁྱོངས་བྱ་དགོས། མི་བརྗེ་ཡང་བསམ་བློ་མི་འགྱུར་བ་དང་བློ་སྤོབས་མི་འགྱུར་བ། བྱ་བར་ཤུགས་རྐྱེན་མི་ཐེབས་པ། ལས་འགན་གཅིག་རྗེས་གཉིས་མཐུད་དུ་སྒྲུབ་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། ལོ་འཁོར་གྱི་གཙོ་གནད་གཅིག་དང་འཆར་གཞི་གསུམ་ལ་བསྡུར་བ་བྱེད་པ་དང་། ལས་རིགས་སློབ་གསོའི་བཅའ་ཁྲིམས་དང་གྲོང་གསེབ་དར་སྤེལ་གཏོང་བའི་སྲོལ་ཡིག་གི་ཁྲིམས་བསྟར་ཞིབ་བཤེར་སོགས་ཀྱི་ལྟ་སྐུལ་བྱ་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་སྙན་ཞུའི་ནང་དོན་འཐུས་ཚང་དུ་གཏོང་དགོས། དོན་དག་ཆུང་བ་དང་ཁྱད་ཆོས་ལྡན་པ། བཀོལ་སྤྱོད་ཐུབ་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་དང་གྲོས་མགོ་རྒྱ་ཁྱབ་ཏུ་བསྡུ་ལེན། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་བཟོ་བ་བཅས་བྱས་ཏེ། ཕྱིན་ཆད་ལོ་ལྔའི་ཁྲིམས་འཛུགས་ལས་དོན་ལ་རྨང་གཞི་ཡག་པོ་འདིང་དགོས། ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་གྲ་སྒྲིག་ཞིབ་ཚགས་བྱས་ནས་ཚོགས་འདུའི་སྤུས་ཚད་དང་ཆུ་ཚད་འགན་ལེན་བྱ་དགོས། དུས་ནམ་ཡང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་དགོས། སྐབས་བཅོ་ལྔ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པ་དང་སྐབས་བཅུ་དྲུག་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་རིང་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་མགོ་བསྒྲུབ་རྒྱུར་སྤྲོད་པ་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་སྒྲུབ་ཚུལ་ལ་ལྟ་སྐུལ་བྱ་རྒྱུར་དུས་མཉམ་དུ་རྗེས་སྙེགས་ཏེ་དམངས་ཆེད་འགན་འཁྲི་བསྒྲུབ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། དེ་དང་ཆབས་ཅིག་ཅན་བཅུའི་ཏང་འཛུགས་སྐྱོང་དང་གཉིས་འབྲེལ་མཉམ་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ་འབྲེལ་གཏུག་དྲུག་དང་འཐུས་མི་ལས་སྒྲུབ་ཁང་གཉིས་ནང་ཞུགས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཟུར་ཞུགས་བྱེད་པ་སོགས་ཀྱི་ལམ་ལུགས་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས་དམངས་ལ་རེ་འབོད་ཡོད་ན་ང་ལ་ཨ་ལན་ཡོད་ཅེས་པའི་ཁྲོད་ཐོག་མའི་སེམས་འདུན་ལག་ལེན་དུ་བསྟར་དགོས།  དུས་ནམ་ཡང་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱ་དགོས། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་མཐོ་ཚད་ནས་བསམ་བློའི་འགོག་སྲུང་བརྟན་དུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་ཚད་གཞི་ནན་མོར་བསྲུངས་ཏེ། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་སྤྱོད་གཙང་ངང་དབང་ཆ་སྤྱོད་ཐུབ་པ་བྱས་ནས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ཡག་པོ་བྱས་ཏེ། སྔ་མོ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན།  སྐྱོན་ཆུང་དུས་ནས་སེལ་ཏེ་ཕྱར་བ་གྲུ་འདེགས་ངང་ལས་ཁུངས་ཀྱི་སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱི་ལས་བགོས་དང་དེ་བཞིན་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས་དང་པོའི་ཞིབ་འཇུག་དོན་ཚན་ཞིབ་བཤེར་གཏན་འབེབས་བྱས་པ་རེད།

གྲོས་ཚོགས་གྲོལ་རྗེས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཀྱི་ཁོངས་མི་དང་ཆེད་དོན་ལས་དོན་ཨུ་ཡོན་ལྷན་ཁང་ཁག་གི་འགན་འཁུར་བས་མཚོ་ལྷོ་ཁུལ་དམངས་ཆེན་གྱི་ལོ་རྒྱུས་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དེ་མཚོ་ལྷོ་ཁུལ་དུ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་དང་གསོན་ཉམས་ལྡན་པའི་ལག་ལེན་ལ་ཕྱིར་དྲན་བྱས་པ་རེད།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་མ་ཧྲའོ་ཧྥུའུ་དང་ཡན་ཧའེ་ཧྥེང་། དཀོན་མཆོག་སྐྱབས། ཝང་ཀུའོ་ཞུན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ་དང་།  ཁུལ་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རེན་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།།

热门新闻

热门图库

热门排行