རྒྱལ་ནང་། 详情

《ཞི་ཅིན་ཕིང་དགའ་བའི་གཏམ་རྒྱུད》ཅེས་པའི(སྐད་རིགས་མང་པོའི་པར་གཞི)དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་གཙོ་རྒྱུག་སྨྱན་སྦྱོར་ནས་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་ཟླ8པའི་ཚེས30ཉིན། ཀྲུང་གོ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི《ཞི་ཅིན་ཕིང་དགའ་བའི་གཏམ་རྒྱུད》ཅེས་པའི(སྐད་རིགས་མང་པོའི་པར་གཞི)གཏོང་མགོ་རྩོམ་པའི་བྱེད་སྒོ་ཅིར་ཅི་སི་ཐན་གྱི་རྒྱལ་ས་པི་སི་ཁེ་ཁུ་རུ་སྤེལ། ལེ་ཚན་དེ་ཉིན་དེ་བཟུང་ཅིར་ཅི་སི་ཐན་རྒྱལ་ཁབ་ཀྱི་བརྙན་འཕྲིན་རྒྱང་སྒྲོག་ཀུང་སི་སོགས་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་སོ་སོའི་སྨྱན་སྦྱོར་བར་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་འབྲེལ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་ཡོད།

《ཞི་ཅིན་ཕིང་དགའ་བའི་གཏམ་རྒྱུད》ཅེས་པའི(སྐད་རིགས་མང་པོའི་པར་གཞི)ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག གླེང་མོལ་བཅས་ནང་དྲངས་པའི་ཀྲུང་གོའི་གནའ་གཞུང་གི་གསུང་རབ་གྲགས་ཅན་ལེགས་འདེམས་ཞིབ་ཚགས་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། གཏིང་ཟབ་པའི་མཚན་ཉིད་རིག་པའི་བློ་སྦྱོང་། ཡངས་ཤིང་རྒྱ་ཆེ་བའི་མི་ཆོས་བརྩེ་སེམས་བཅས་གསོན་ཉམས་ལྡན་པའི་ངང་མངོན་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བློ་གྲོས་ཉམས་སུ་མྱོང་བར་བསམ་བློའི་སྒེའུ་ཁུང་ཞིག་ཕྱེས་ཡོད་པ་དང་། ཚང་མར་ཀྲུང་གོའི་རིག་གནས་སྔར་ལས་ལེགས་པར་ཤེས་རྟོགས་དང་། ཀྲུང་གོའི་བློ་གྲོས་ཤེས་རྟོགས། ཀྲུང་གོའི་སྙིང་སྟོབས་ཉམས་ལེན་བཅས་བྱེད་པར་རོགས་རམ་བྱས་ཡོད། །

热门新闻

热门图库

热门排行