གནད་བསྡུས། 详情

མཚོ་སྔོན་ཞིང་ཆེན་གྱིས་སྤུས་མཐོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས།

 ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མུ་འབྲེལ་བརྗོད་དོན་སྒྲོག་སྤེལ་ཚོགས་འདུ་སྟེ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་འདུ་བསྡུས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་ངང་ནུས་ཤུགས་འདོན་པ་དང་ཚན་རིག་ལ་མཐུན་པའི་གནད་འཁེལ་ཇུས་འདོན། མཉམ་དུ་འགག་སྒྲོལ་ཡར་བརྩོན་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ཡོད།

སྔར་ཡོད་ཀྱི་ཐོན་ལས་བརྟན་པོའི་རྨང་གཞིར་བརྟེན་ནས་ཐོན་ལས་རིམ་སྤོར་དེ་གསར་པ་དང་ལྗང་མདོག་ཏུ་བསྒྱུར་ཏེ། རྒྱལ་ཡོངས་སུ་འོད་ནུས་གློག་འདོན་གྱི་ཆེད་དོན་རྒྱབ་སྐྱོར་སྲིད་ཇུས་སྔོན་ལ་བཏོན་པ་དང་འོད་ནུས་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་སྒོ་བྱང་བཀལ་བས། ཞིང་ཆེན་ཡོངས་ཀྱི་འོད་ནུས་སྐྱེལ་འདྲེན་དང་འཛུགས་སྐྲུན་གྱི་གཞི་ཁྱོན་ཏེ་རྒྱལ་ཡོངས་ཀྱི་ཐོག་མར་སླེབས་ཤིང་། ན་གོར་མོ་དང་མཚོ་ལྷོའི་དྭངས་གཙང་ནུས་ཁུངས་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ཕྱིར་སྐྱེལ་རྟེན་གཞིའི་ལས་གཞི་ཆེན་མོ་གཉིས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། བ་རིང་དང་ལྷོ་རིའི་མདོ་གསོག་ནུས་གློག་ཚིགས་ཀྱི་གཙོ་གཞིའི་བཟོ་གྲྭ་ཁྱོན་ཡོངས་ནས་ལས་མགོ་བརྩམས་ཤིང་། མཚོ་སྔོན་ནས་ཀུའེ་ལིན་བར་དང་མཚོ་སྔོན་ནས་ཀུང་ཏུང་བར་གྱི་ཕྱི་སྐྱེལ་བགྲོད་ལམ་ཞིབ་འཇུག་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ནུས་ཁུངས་གཙང་མའི་སྒྲིག་ཆས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི8000ལས་བརྒལ་ཏེ་རྒྱལ་ཡོངས་ཀྱི་སྔོན་ལ་སླེབས་ཡོད།


热门新闻

热门图库

热门排行