སྲིད་དོན། 详情

ཁུལ་སྲིད་གཞུང་གིས་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ8ཚེས27ཉིན།ཁུལ་སྲིད་གཞུང་གིས་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར། འཛད་སྤྱོད་ལ་སྐུལ་འདེད། གཙོ་གནད་ལས་གཞིར་སྐུལ་སྤེལ། རྒྱལ་དབང་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ། བཅོས་སྒྱུར་སོགས་བྱ་བར་སྐུལ་འདེད་བྱས་ཚུལ་ལ་ཉན་པ་དང་། ཉེ་དུས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་གནང་བ་མ་ཟད་གཏམ་བཤད་ཀྱང་བྱས།

ཚོགས་འདུ་ལས་ད་ལོའི་ཚུན་དུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་འཕེལ་རྒྱས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་སྔར་བས་ཆེ་རུ་གཏོང་བ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འགག་རྩའི་གོ་རིམ་ལ་དམ་པོར་དམིགས་པ་དང་།  འགག་གནད་དང་དཀའ་གནད་སེལ་ནས་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་ལས་འགན་བཅོལ་གྱི་མཐའ་སྐྱོང་འགན་ལེན་ལ་དམ་འཛིན་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་ཚད་གཞི་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས།  ནོར་ལུག་ཕྱིར་འཚོང་གི་རྩ་འཛུགས་ཞབས་ཞུ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ནོར་ལུག་ཕྱིར་འཚོང་གི་བྱ་དགའི་ཁ་གསབ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། མང་ཚོགས་ལ་གོ་རིམ་ལྡན་པའི་ངང་ཕྱིར་འཚོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ལུ་གུའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བ་དང་།  ཕྱུགས་ལས་ཐོན་འབབ་བརྟན་པོ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་ཐོན་ལས་རོགས་སྐྱོར། ལས་ཞུགས་རོགས་སྐྱོར་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དཔྱད་ཞིབ་དཔྱད་དཔོག་གི་ལྡོག་ལན་གནད་དོན་དག་ཐེར་ཡོ་བསྲང་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱ་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་དང་ཁྱོན་ཡོངས་ནས་ཇུས་འགོད་བྱས་ཏེ། ཞིབ་ཕྲའི་བསམ་འཆར་བཏོན་ནས་གཅིག་གྱུར་ཚད་ལྡན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་འཛད་སྤྱོད་ཀྱི་བག་ཤུགས་ལ་དམིགས་ནས་སྲིད་ཇུས་ཀྱི་ཁེ་འབབ་གང་ལེགས་འདོན་པ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་དང་སྐྱེད་སྲིང་ཧུར་ཐག་བྱས་ཏེ་མ་དངུལ་གཏོང་བ་དང་འཛད་སྤྱོད་ཕྱོགས་གཉིས་ཀར་རྒྱུན་མཐུད་ངང་སྐུལ་སློང་བྱ་དགོས།  ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་ཆད་དངུལ་གཙང་འཇལ་བྱ་བར་སྐུལ་འདེད་བཏང་ནས་བསགས་འབོར་ཆད་འགྱངས་མཐའ་གཅིག་ཏུ་ཐག་གཅོད་དང་ཆད་འགྱངས་གསར་པ་འབྱུང་བར་སྔོན་འགོག་བྱས་ཏེ་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་དགོས། གླིང་ཁུལ་དམངས་གཉེར་ཁེ་ལས་ཀྱི་གནས་ཚུལ་དངོས་ལ་རྩད་ཞིབ་བྱེད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ད་ལྟའི་གནས་བབ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ། རྒྱུན་རྣམ་ཅན་གྱི་དཀའ་ངལ་སེལ་བའི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་བྱེད་ནུས་སྤྲོད་པ། བརྟན་པོའི་ངང་འཕེལ་རྒྱས་སུ་གཏོང་བ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།   

ཚོགས་འདུ་ལས་ཚད་ཡོད་ཀྱི་འཛུགས་སྐྲུན་དུས་ཚོད་དམ་འཛིན་བྱས་ཏེ་ལས་མགོ་མ་ཚུགས་པའི་ལས་གཞིའི་ལས་ཡུན་བཀོད་སྒྲིག་དང་། རང་འགུལ་ངང་སྦྲེལ་མཐུད་དང་ཞབས་འདེགས་ཞུས་ནས།ལས་མགོ་རྩོམ་དགོས་པའི་རིགས་ལས་མགོ་རྩོམ་པ་དང་ལས་མགོ་རྩོམ་ཐུབ་པའི་རིགས་ལས་མགོ་རྩོམ་པ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་མགོ་རྩོམ་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མ་གཏོང་ལས་གཞིའི་རིམ་དབྱེ་རིགས་དབྱེའི་བཀོད་གཏོང་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། དངོས་པོའི་ལས་འབོར་དེ་བས་མང་པོ་ཆགས་གང་ཐུབ་བྱེད་པ་བཅས་བྱས་ནས་གལ་ཆེན་གཉིས་དང་གསར་པ་གཉིས་དྲ་བ་དྲུག་བཅས་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དམ་པོར་དམིགས་ཏེ། རང་འགུལ་ངང་འཆར་འགོད་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་རྒྱབ་སྐྱོར་དེ་བས་མང་པོ་ཐོབ་པ་བརྩོན་ལེན་བྱ་དགོས། ནོར་སྲིད་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་བྱེད་པ་དང་གཙོ་གནད་འགན་ལེན་དང་སྤྱིར་བཏང་འགན་ལེན་མཐའ་འཁྱོངས་བྱས་ནས། ནོར་སྲིད་འགྲོ་སོང་གི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་མ་དངུལ་སྣ་ཚོགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཚང་མས་ནུས་ཤུགས་ཡོད་རྒུས་ཚོང་འགུག་དངུལ་འདྲེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ལས་གཞིའི་འཁོར་ཡུན་ཧྲིལ་པོར་རྗེས་འདེད་ཞབས་ཞུ་ཡག་པོ་བྱེད་པ། གན་རྒྱ་བཞག་པའི་ལས་གཞི་མགྱོགས་མྱུར་ངང་སྤེལ་བ་དང་འཛུགས་སྐྲུན་བྱེད་པ། ཚོང་འགུགས་དངུལ་འདྲེན་གྱི་གྲུབ་འབྲས་འཕེལ་རྒྱས་དེ་འཕར་ཚད་དུ་འགྱུར་གང་ཐུབ་བྱ་དགོས་ཞེས་བླང་བྱ་བཏོན།

ཁུལ་དཔོན་གཞོན་པ་སུན་ཅུན་ཞཱ་དང་ཆིའུ་ཡོན་ལིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།།

热门新闻

热门图库

热门排行