གནད་བསྡུས། 详情

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་ལི་ཆང་བོད་ལྗོངས་སྐྱིད་གྲོང་དུ་ཕེབས་ནས་ཉེན་འགོག་གནོད་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕྱོགས་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁྲིད་དེ། ཟླ8པའི་ཚེས27ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་འདམ་རུད་གནོད་འཚེ་ཕོག་ཁུལ་དུ་འབྱོར་ནས། ཉེན་འགོག་གནོད་སེལ་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་། ཉེན་སྐྱོབ་རོགས་སྐྱོར་མི་སྣ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གཟིགས་ཞིབ་ཏུ་ཕེབས་པ་རེད།།


热门新闻

热门图库

热门排行