གནད་བསྡུས། 详情

ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན27995ཞིབ་བཤེར་ཐག་གཅོད་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲ་ཚིགས་ཀྱིས་ཚེས27ཉིན་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་སྤྱི་སྡོམ་གནས་ཚུལ་ཁྱབ་བསྒྲགས་བྱས། ད་ལོའི་ཟླ7པར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན27995ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི34683(ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ2དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ100)ལ་སྐྱོན་བརྗོད་སློབ་གསོ་དང་ཆད་གཅོད་བྱས་ལ། དེའི་ནང་མི23422ལ་ཏང་སྲིད་སྒྲིག་ཁྲིམས་ཀྱིས་ཆད་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་བསྡོམས་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན15179ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི19400ལ་སྐྱོན་བརྗོད་སློབ་གསོ་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ཁྲོད། "འགན་འཁྲི་སྒྲུབ་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་ནས་འགན་ཁུར་མི་ཐུབ་པ་དང་ལས་སྒྲུབ་མི་བྱེད་པ། བྱ་སྤྱོད་གང་བྱུང་དུ་སྤེལ་བ་དང་བྱས་རྗེས་རྫུན་མ་འཇོག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ"སོགས་ཀྱི་ཕྱོགས་ནས་གནད་དོན་ཆེས་མང་བས། གནད་དོན12553རྩད་གཅོད་བྱས་ཤིང་། མི16111ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་བསྡོམས་པས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནད་དོན12816ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི15283ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས། དེའི་ནང་ཁྱད་ཐོན་རྩ་ཆེན་དང་ལེགས་སྐྱེས་ལེགས་དངུལ་སྤྲོད་ལེན་གྱི་གནད་དོན8138རྩད་གཅོད་བྱས་པ་དང་། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་བྱིན་པའི་གནད་དོན1379། སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན2257རྩད་གཅོད་བྱས། །

热门新闻

热门图库

热门排行