གནད་བསྡུས། 详情

ཅང་སུའུ་དང་མཚོ་སྔོན་གྱི་སྨན་བཅོས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཅང་སུའུ་སྨན་པའི་ལས་སྒྲུབ་ཁང་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་བཙུགས་པ།

རང་ཚགས་པར་གྱི་འཕྲིན།  ཟླ8པའི་ཚེས26ཉིན། སུའུ་ཀྲོའུ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ཆེད་མཁས་ཚོགས་པ་འཁོར་དང་བཅས་པ་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་དུ་རྟོག་ཞིབ་དུ་ཕེབས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཅང་སུའུ་ཡི་སྨན་བཅོས་རུ་མིར་འཚམས་འདྲི་གནང་བར་མ་ཟད། སྨན་ཁང་དང་རྨས་སྐྱོན་ལྟེ་གནས་ཀྱི་ཅང་སུའུ་སྨན་པའི་ལས་སྒྲུབ་ཁང་གི་མཉམ་འབྲེལ་གྲོས་མཐུན་བཞག་སྟེ། ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་།

བཞུགས་མོལ་ཚོགས་འདུའི་སྟེང་ཕྱོགས་གཉིས་ཀྱིས་རྨས་སྐྱོན་ལྟེ་གནས་ཀྱི་ཅང་སུའུ་སྨན་པའི་ལས་སྒྲུབ་ཁང་གི་གྲོས་མཐུན་འཇོག་པའི་མཛད་སྒོ་བསྡུས། ལས་སྒྲུབ་ཁང་དེ་འཛུགས་པའི་དམིགས་ཡུལ་ནི་རོགས་སྐྱོར་བྱ་བ་དེ་དུས་ཐུང་སྐོར་སྐྱོད་སྨན་བཅོས་ནས་རྒྱུན་རྣམ་ཅན་གྱི་བཅའ་སྡོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། སྨན་ཁང་གཉིས་ཀྱི་མཉམ་ལས་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ཕྱོགས་གཉིས་ཀྱིས་ལས་སྟེགས་འདི་ལ་བརྟེན་ནས་ལག་རྩལ་རོགས་སྐྱོར་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་། ཚན་རིག་ཞིབ་འཇུག་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་རོགས་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྨས་སྐྱོན་ལྟེ་གནས་ཀྱི་ཕྱོགས་བསྡུས་ནད་བརྟག་སྨན་བཅོས་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། མཉམ་དུ་མཚོ་སྔོན་དང་ཅང་སུའུ་ཡི་སྨན་བཅོས་མཉམ་ལས་ཀྱི་གྲུབ་འབྲས་གསར་བ་ལེན་པར་ཧུར་བརྩོན་བྱ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་དུ། ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་ལ་བརྟེན་ནས་སྨན་ཁང་གི་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། གཞུང་བཙུགས་སྨན་ཁང་གི་གྲུབ་འབྲས་དཔྱད་ཞིབ་རིམ་པ་མཐོ་རུ་ཕྱིན་ཡོད། 2026ལོར་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་ཐད་ཀར་དོ་དམ་མི་བྱེད་པའི་ཁོངས་གཏོགས་སྨན་ཁང་གི་ཆོག་མཆན་ཐོབ་པའི་སྨན་ཁང་ཐོག་མ་རུ་གྱུར།

མིག་སྔར་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་དེ་རིམ་པ་གསུམ་ཅན་གྱི་ཀ་རིམ་པའི་སྨན་ཁང་གཏོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། གཙོ་གནད་ཆེད་དོན་ཚན་ཁག་འཛུགས་སྐྲུན་དང་ཆེད་དོན་ཚན་ཁག་གི་ནང་ཚན་དབྱེ་བ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བསྒྱུར་བ། དེ་མིན་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་ཐད་སྔར་བཞིན་ཞན་ཆ་ཡོད་པས། ཐེངས་འདིར་ཆེད་མཁས་ཚོགས་པ་འཚམས་འདྲིར་ཡོང་བ་ལས་སྨན་ཁང་གི་འཕེལ་རྒྱས་ཐད་ཉམས་མྱོང་འདོན་སྤྲོད་བྱས།།

热门新闻

热门图库

热门排行