གནད་བསྡུས། 详情

མཚོ་ལྷོ་ཁུལ་གྱིས་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་པ།

ཟླ8པའི་ཚེས26ཉིན།མཚོ་ལྷོ་ཁུལ་གྱིས་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་མཆན་བཀོད་བླང་བྱ་དང་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་པ་དང་། ཁུལ་ཨུའི་མགོ་ཁྲིད་གཙོ་བོའི་བྱ་བའི་བླང་བྱ་ལག་བསྟར་བྱས་ནས། ཐེངས་འདིའི་དྲག་ཆར་འབབ་པའི་གནམ་གཤིས་ལ་སྔོན་འགོག་བྱེད་པའི་བརྒྱུད་རིམ་ཡང་བསྐྱར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་།

ཚོགས་འདུ་ལས་ཐེངས་འདིའི་དྲག་ཆར་འབབ་ཡུན་རིང་ལ། འབབ་ཚད་ཆེ་བ། འབབ་ཁོངས་རྒྱ་ཆེ་བ། གནོད་འཚེའི་ཉེན་ཁ་ཆེ་བས། རང་ཁུལ་གྱི་ཞོད་འགོག་མ་ལག་དང་འཕྲལ་བསྟུན་ནུས་པ། གཞི་རིམ་གྱི་འགན་སྒྲུབ་བཅས་ལ་ཕྱོགས་ཡོངས་ནས་དངོས་འཐབ་ཞིབ་བཤེར་བྱེད་པ་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ་རྩ་བ་ནས་དོར་ཏེ། ཚད་མཐའི་བསམ་བློ་དང་མཐའ་ཚད་བསམ་བློ་བརྟན་པོར་བཙུགས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་སྒོས། ཞོད་ཆེན་སྔོན་འགོག་དང་ཉེན་ཁ་ཚབས་ཆེན་སེལ་བ། གནོད་འཚེ་ཆེན་མོར་རྒུད་སྐྱོབ་བྱེད་པ་བཅས་ལ་གཞི་ཚུགས་ཏེ། ཕྱོགས་ཡོངས་ནས་ཞོད་འགོག་ལ་གདོང་གཏོད་པའི་བྱ་བ་གྲ་སྒྲིག་གང་ལེགས་བྱས་ནས། སྔོན་འགོག་བྱེད་ཐབས་སོ་སོ་གཟབ་ནན་ངང་དོན་འཁྱོལ་གང་ལེགས་བྱ་དགོས་ཞེས་བསྟན།

   ཚོགས་འདུ་ལས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གནད་ལ་འཁེལ་བའི་སྒོ་ནས་གནམ་གཤིས་སྔོན་བརྡར་ཞིབ་འཇུག་བརྡར་ཤ་གཅོད་དགོས་ཏེ། ཕྱོགས་སོ་སོའི་ཆ་འཕྲིན་ཁྱོན་ཡོངས་ནས་བསྡུ་ལེན་བྱེད་པ་དང་། ཆར་ཆུའི་གནས་ཚུལ་ལ་ཚད་མཐོས་གྲོས་མོལ་བྱེད་པ། ཡུལ་བབ་ལ་གནད་འཁེལ་གྱིས་ཞིབ་འཇུག་བརྡར་ཤ་གཅོད་པ། དུས་ཐོག་ཏུ་གནམ་གཤིས་ཉེན་བརྡ་གཏོང་བ་བཅས་བྱས་ཏེ། གཞི་རིམ་གྱི་སྔོན་འགོག་བྱ་བ་ལེགས་པོ་སྒྲུབ་པར་མཛུབ་སྟོན་གང་ལེགས་བྱ་དགོས། ཕན་ཚུན་འབྲེལ་མཐུད་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། སྔོན་བརྡའི་ཆ་འཕྲིན་དེ་གཞི་རིམ་གཙོ་གནད་ས་ཁུལ་གྱི་མང་ཚོགས་ལ་དུས་ཐོག་ཏུ་འབྱོར་བར་འགན་སྲུང་བྱ་དགོས། བྱུར་རྐྱེན་བཅོས་སྐྱོང་བྱ་བ་དམ་འཛིན་བྱ་དགོས་ཏེ། ཁུལ་ཡོངས་ཀྱི་ཆུ་ལོག་རྒྱུག་སའི་ལུང་ཤུར་དང་ས་གཤིས་གནོད་འཚེའི་བྱུར་རྐྱེན་ས་ཁུལ། མཁར་གྲོང་གི་ཆུས་བསྣུབས་སླ་བའི་ལམ་ཚད། ལྗོངས་ཁུལ། བཟོ་སྐྲུན་ཡུལ་དངོས། རོང་འབྲོག་ཁུལ་གྱི་ཆུ་ལོག་འབྱུང་སླ་བའི་ས་ཁོངས། ས་ཡོམ་གྱི་གནོད་ཐེབས་ས་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྐྱོང་ནན་མོ་བྱས་ཏེ། བྱུར་རྐྱེན་མང་པོ་དུས་ཐོག་ཏུ་སེལ་བ་དང་གསར་བྱུང་གི་བྱུར་རྐྱེན་མྱུར་དུ་ཐག་གཅོད་པ། ཚབས་ཆེའི་བྱུར་རྐྱེན་མགྱོགས་པོར་དོ་དམ་ཚོད་འཛིན་བཅས་བྱ་དགོས། བློ་ཐག་ཆོད་པོའི་བྱེད་ཐབས་མྱུར་དུ་སྤྱོད་དགོས་ཏེ། བལྟ་སྒུག་དང་ཐེ་ཚོམ་ཀྱི་བསམ་བློ་རྩ་བ་ནས་དོར་ཏེ།སྔོན་ལ་བཀོད་འདོམས་དང་གཅིག་གྱུར་བཀོད་གཏོང་བྱེད་པ་རྒྱུན་འཁྱོངས་སྒོས། གདུབ་ཟུམ་ནུས་མཐོའི་འཁོར་སྐྱོད་བྱེད་པའི་ཞོད་འགོག་བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས། སྒོ་རྒྱག་པ་དང་ལས་མཚམས་འཇོག་པ། ཕྱིར་འཐེན་བྱེད་པ། གནས་སྤོར་བ། སྐོར་ཞིབ་བྱེད་པ་བཅས་ཀྱི་དོ་དམ་བྱེད་ཐབས་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱ་དགོས། ཞོད་འགོག་འགན་ལེན་ལྔའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། གཞི་རིམ་དྲ་མིག་པའི་ལྟ་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱིམ་ཚང་རེ་རེར་གྲལ་བཤེར་དང་མི་ཚང་མར་གསལ་འདེབས་བྱེད་པ། ཉེན་གཡོལ་གནས་སྤོ་མང་ཚོགས་ཀྱི་སྐབས་ཐོག་བཀོད་སྒྲིག་བྱ་བ་མཐའ་གཅིག་ཏུ་ལེགས་པོར་བསྒྲུབས་ནས། ཉེན་ཁའི་གནས་ཚུལ་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐག་གཅོད། སྔ་མོ་ནས་འདུམ་འགྲིག་བཅས་བྱ་དགོས། འཕྲལ་བསྟུན་དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཏེ། དུས་ནམ་ཡང་ཉེན་ཁ་དང་བྱུར་རྐྱེན་ཡོད་པའི་ས་ཁུལ་སོགས་ཡིད་ལ་ངེས་དགོས་པ་དང། སྔོན་གྱི་གྲ་སྒྲིག་གི་བྱ་བ་ཁག་ནན་ཏན་སྒོས་སྒྲུབ་དགོས། ཉེན་ཁའི་གནས་ཚུལ་འབྱོར་མ་ཐག་མགྱོགས་མྱུར་ངང་གྲ་སྒྲིག་གི་ལས་སུ་ཞུགས་ནས་དུས་ཐོག་ཏུ་ཉེན་སེལ་སྟོབས་ཤུགས་གཅིག་གྱུར་བཀོད་གཏོང་དང་། མགྱོགས་མྱུར་དང་ལེན་དང་གནད་འཁེལ་ཇུས་འདོན་བྱས་ཏེ། དང་ལེན་གྱི་དུས་ཚོད་དམ་འཛིན་དང་ཐག་གཅོད་ཀྱི་ཕན་འབྲས་འགན་ལེན་བྱས་ནས། ཉེན་སེལ་ཉེན་གཡོལ་གྱི་བྱ་བ་ཁག་ཕན་ནུས་མཐོ་བ་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས། ལྟ་སྐུལ་མཛུབ་སྟོན་དོན་འཁྱོལ་དམ་འཛིན་ནན་མོ་བྱ་དགོས་ཏེ། རིམ་པ་བཞིན་བརྒྱུད་སྤྲོད་དང་ཁོངས་གཏོགས་ས་ཆའི་འགན་འཁྲི། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ལག་བསྟར་བྱས་ནས་གདུབ་ཟུམ་འགན་འཁྲིའི་སྦྲེལ་ཐག་འཛུགས་དགོས། འགག་རྩའི་བརྒྱུད་རིམ་ལ་དམ་པོར་དམིགས་ནས་གནད་འཁེལ་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། སྔོན་འགོག་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་རེ་རེ་བཞིན་ཞིབ་བཤེར་བྱེད་པ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འདེད་འགན་འཁྲི་དོན་འཁྱོལ་བྱས་ནས། ཞོད་འགོག་གི་བཀོད་སྒྲིག་བླང་བྱ་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན། 


热门新闻

热门图库

热门排行