གནད་བསྡུས། 详情

གུང་ཧོ་རྫོང་ཐེ་ཀེ་ཤང་གིས་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་སྤེལ།

ཟླ8པའི་ཚེས21ཉིན། གུང་ཧོ་རྫོང་ཐེ་ཀེ་ཤང་གིས་གསར་དུ་བསྐྲུན་པའི་རིག་གནས་ཐང་ཆེན་དུ་བརྩེ་བའི་དྲོད་ཁོལ་རྒན་པར་འབུལ་བ་དང་། ཏང་དང་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ་ཞིང་། ད་ལོ་ནི་ཐེ་ཀེ་ཤང་གི་སྡེ་བ་བཅུ་གནས་སྤར་ནས་ལོ་འཁོར40ལོན་པ་དང་། ཤང་སྲིད་གཞུང་དེ་ས་ཚིགས་དགུ་བ་ནས་མ་ཧན་ཐའེ་རུ་གནས་སྤར་ནས་ལོ་འཁོར35ལོན་པའི་ལོ་ཡང་ཡིན་པས། ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་འཕེལ་རྒྱས་དང་འཕོ་འགྱུར་གླེང་།

ད་ལོའི་ཟླ3པ་ནས་བཟུང་། ཐེ་ཀེ་ཤང་གིས་ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ། བྱ་བ་གཙོ་བོ་སོ་སོ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་མུ་མཐུད་དུ་སྐུལ་འདེད་བྱས་ཤིང་། ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གཞི་རིམ་དུ་རྐང་ཚུགས་ཏེ། གཞི་རིམ་བཅོས་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་། འགལ་ཟླ་འདུམ་འགྲིག དམངས་ཕན་ཞབས་ཞུ། གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་བྱ་བའི་ཐད་ནུས་ཤུགས་བཏོན་ནས། ཤང་ཡོངས་གཏན་འཇགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བར་འབད་འབུངས་ལྷོད་མེད་བྱས་ཡོད།

བྱ་འགུལ་དེ་སྤྲོ་དགའི་རྣམ་པའི་ཁྲོད་དུ་མགོ་བརྩམས་ཤིང་། མཚོ་ལྷོ་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་དགེ་རྒན་ཀུན་མཁྱེན་སྒྲོལ་མ་གདན་ཞུ་ལྟར་བྱ་འགུལ་ལ་ཞུགས་ནས། གོ་སླ་བའི་སྐད་ཆས་ཚང་མར་ཁུལ་དང་རྫོང་གི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ། ཏང་གི་གཞུང་ལུགས་སྲིད་ཇུས་མང་ཚོགས་ལ་ཤེས་སུ་བཅུག

བྱ་འགུལ་གྱིས་ཅན་བཅུའི་ཏང་འཛུགས་ཀྱི་ཕུལ་བྱུང་རྐང་འཛིན་མི་སྣ་དང་བྱིས་པའི་སྐྱེད་སྲིང་ས་ཚིགས་ཀྱི་ཕུལ་བྱུང་དང་བླངས་བ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་ཞིང་། ཕུལ་བྱུང་མི་སྣ་དེ་དག་གིས་དུས་ཡུན་རིང་བོར་གཞི་རིམ་དུ་རྐང་ཚུགས་ནས་ལས་རྐང་བརྟན་སྲུང་བྱས་ཏེ། བྱ་བའི་ལས་འགན་སོ་སོ་རང་འགུལ་དང་ལེན་སྒོས། མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ་དང་འགལ་ཟླ་འདུམ་འགྲིག ཁོར་ཡུག་ལེགས་བཅོས་བཅས་བྱས་ནས། ཤང་ཡོངས་ཀྱི་ཏང་འཛུགས་བྱ་བ་སྤུས་འདེགས་ནུས་མཐོ་ཡོང་བར་བྱས་རྗེས་བཞག་ཡོད། རིག་རྩལ་འཁྲབ་སྟོན་སྟེང་སྡེ་བ་སོ་སོའི་བསམ་པའི་རིག་གནས་ཚན་ཁག་དང་རྫོང་རིག་གནས་ཁང་གི་འཁྲབ་སྟོན་པ་དག་གིས་འཁྲབ་སྟོན་བྱས་པའི་ལེ་ཚན་རེ་རེར་གསོན་ཉམས་ལྡན་ལ།དོན་དངོས་འཚོ་བ་དང་འབྲེལ་ཡོད་པས། ཤང་ཡོངས་ཀྱི་མང་ཚོགས་ཀྱི་བསམ་པའི་བློ་སྤོབས་དང་བདེ་སྐྱིད་ཀྱི་འཚོ་བ་མངོན་པར་བྱས།

གསར་དུ་བསྐྲུན་པའི་རིག་གནས་ཐང་ཆེན་དེ་ཐེ་ཀེ་ཤང་འཕེལ་རྒྱས་འཛུགས་སྐྲུན་གྱི་མགོ་རྩོམ་ས་གསར་པ་ཡིན་པ་དང་། ནན་ཏན་ངང་ལས་དོན་སྒྲུབ་པའི་སྔོན་ཐོན་རྐང་འཛིན་པ་དག་ནི་ཤང་ཡོངས་ཀྱི་བྱ་བ་སོ་སོ་ཡར་ཐོན་ཡོང་བར་སྐུལ་འདེད་བྱེད་པའི་སྟོབས་ཤུགས་གཙོ་བོའང་ཡིན་པས། ཐེ་ཀེ་ཤང་གིས་ཐེངས་འདིའི་བྱ་འགུལ་དེ་གོ་སྐབས་སུ་བཟུང་སྟེ། ཅན་བཅུའི་ཏང་འཛུགས་ཀྱི་བྱ་བ་སོ་སོར་སྐུལ་འདེད་བྱས་ནས། མུ་མཐུད་དུ་ཏང་འཛུགས་དམངས་ཕན་ཞབས་ཞུ་སྒྲུབ་པ་དང་མང་ཚོགས་ཀྱི་བདེ་སྣང་མཐོར་འདེགས་སུ་བཏང་སྟེ། ཤང་ཡོངས་ཀྱི་བྱ་བ་སོ་སོ་ཚད་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།


热门新闻

热门图库

热门排行