དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས།
ཟླ8པའི་ཚེས25ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་སྟེ་གཙོ་གནད་བྱ་བར་བཀོད་སྒྲིག་གནང་།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ100འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། <<ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ>>ཞེས་པའི(པོད་ལྔ་པ)་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གཏོད་པ་དང་མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱ་དགོས་ཞེས་པ་དང་། <<ཞི་ཅིན་ཕིང་གི་གཞི་རིམ་གྱི་བྱ་བའི་བྱེད་ཐབས་སྐོར་གྱི་རྣམ་བཤད་གལ་ཆེན>>ལས་དམ་འཛིན་ཡག་པོ་བྱ་རྒྱུ་དེ་བྱ་བ་སྒྲུབ་སྟངས་གཙོ་བོར་བསྒྱུར་དགོས་ཞེས་པའི་ནང་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཞིབ་མོ་དང་། བློ་མཐུན་ཅང་ཙེ་མིན་གྱི་བླ་ན་མེད་པའི་ཀུན་སྤྱོད་ལ་སློབ་སྦྱོང་བྱས་ནས་མུ་མཐུད་དུ་གཞུང་ལུགས་ཁོང་དུ་ཆུད་པ་དང་ཏང་གཤིས་བྱང་ཚད་སྦྱོང་བརྡར། ཕུགས་བསམ་དང་ཡིད་ཆེས་བརྟན་པོ་གཏོང་བ་བཅས་བྱས་ཏེ། ངེས་དོན་གྱིས་སློབ་སྦྱོང་གི་ཕན་འབྲས་དེ་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་སྐྲུན་གྱི་བྱ་སྤྱོད་དངོས་སུ་བསྒྱུར་དགོས་པ་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ཏེ་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་གཞི་གལ་ཆེན་དམ་འཛིན་དང་དངུལ་གཏོང་གི་ཕན་ནུས་ཆེ་རུ་བཏང་སྟེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱ་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་དང་སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ཀྱིས་སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་བཞི་ལག་ལེན་དུ་བསྟར་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་ལས་གཞིའི་ལས་ཡུལ་དངོས་སུ་དཀའ་གནད་ཐག་གཅོད་བྱས་ཏེ། བྱ་བའི་བླང་བྱ་ཁག་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་སྐོར་ཞིབ་རྩིས་བཤེར་ལྡོག་འདྲེན་སོགས་ཀྱི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ངེས་པར་དུ་ལེགས་སྒྲུབ་བྱ་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། དག་ཐེར་ཡོ་བསྲང་བྱ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། འགྱུར་མེད་ཀྱི་རྣམ་འགྱུར་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ། གཟབ་ནན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་བཏང་སྟེ། དུས་ཐོག་ཏུ་སྤུས་ཚད་མཐོ་བའི་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བར་འགན་ལེན་བྱ་དགོས། ཆོད་སེམས་བརྟན་པོ་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་ཀྱིས་བཅོས་སྐྱོང་བྱས་ཏེ། འགག་རྩའི་རང་བཞིན་གྱི་ཐོད་བརྒལ་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ལེན་པར་འབད་བརྩོན་བྱ་དགོས། ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་ཁྱད་ཆོས་གསར་པ་དང་འཕེལ་ཕྱོགས་གསར་པར་རྒྱུས་ལོན་ཡང་དག་བྱས་ཏེ། མང་ཚོགས་ཀྱིས་ཀྱིས་དོ་སྣང་བྱེད་ཚུལ་མཐོ་བའི་ཁྲིམས་འགལ་ནག་ཉེས་ཀྱི་གནད་དོན་གཅིག་སྡུད་སྒོས་ཐག་གཅོད་བྱེད་པ་དང་ནག་ཉེས་འབྱུང་སླ་བའི་ལས་རིགས་ཀྱི་རྙོག་འཛིང་གི་རྣམ་པར་བཅོས་སྐྱོང་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ལ་འགན་སྲུང་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལས་སྤུས་མཐོའི་འཕེལ་རྒྱས་ལ་མཐའ་གཅིག་ཏུ་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་མིག་སྔར་རང་ཁུལ་གྱིས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་བསྟུན་བཀའ་བརྡ་དང་ལེན་བྱེད་མགོ་བརྩམས་པས། ས་གནས་དང་སྡེ་ཁག་སོ་སོས་རིམ་པ་ཁག་གི་འབྲུབ་འགོག་གི་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བ། མཉམ་དུ་གྲོས་བསྡུར་དང་ཞིབ་འཇུག་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་ས་ཁུལ་དང་འབྲུག་འགོག་བྱ་བའི་བརྒྱུད་རིམ་ཞན་སར་དམ་པོར་དམིགས་ནས་སྔོན་འགོག་བྱེད་ཐབས་ཁག་དམ་འཛིན་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།