སྲིད་དོན། 详情

མཚོ་ལྷོ་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱིས་ ས་ཁོངས་བརྒལ་བའི་སྤུས་ལེགས་ ཁང་པའི་འོས་སྦྱོར་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན།ཉེ་ཆར་ས་ཁོངས་བརྒལ་བའི་སྤུས་ལེགས་ཁང་པའི་མཉམ་འབྲེལ་འོས་སྦྱོར་ཚོགས་འདུ་དེ་གུང་ཧོ་རྫོང་མཚོ་སྔོན་པོ་ཐང་ཆེན་དུ་བསྡུས་ཤིང་། ཐེངས་འདིའི་བྱ་འགུལ་ནི་མཚོ་ལྷོ་ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་དང་། ཟི་ལིང་གྲོང་ཁྱེར་སྡོད་ཁང་འགན་སྲུང་དང་ཁང་ཁོངས་དོ་དམ་ཅུའུ་ཡིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཏེ། ས་ཁང་བདག་ཁོངས་ཁེ་ལས20ལྷག་ཙམ་འགྲེམ་སྟོན་ནང་ཞུགས་པ་དང་། ཡུལ་དངོས་སུ་རིམ་རྩིས་ལྟར་ན་ཁང་པ་ཉོ་འདོད་ཡོད་པའི་མོས་མཐུན་གན་རྒྱ90ལྷག་ཐོ་འགོད་བྱས་པས་གྲུབ་འབྲས་ལེགས་པོ་བླངས།

གུང་ཧོ་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་ཆའོ་ཀྲོའུ་ཏང་གིས་བཤད་རྒྱུར། ཐེངས་འདིའི་ས་ཁོངས་བརྒལ་བའི་འོས་སྦྱོར་བྱ་འགུལ་གྱིས་ས་ཁང་བདག་ཁོངས་ཀྱི་ཡིད་ཆེས་ཆེ་རུ་གཏོང་པ་དང་ཕྱིར་འཚོང་གི་ཐབས་ལམ་རྒྱ་སྐྱེད་པ། སྡོད་ཁང་འཛད་སྤྱོད་ལ་སྐུལ་སློང་བཅས་ཐུབ་པས། དངུལ་ཁང་དང་སྤྱི་གསོག་མ་དངུལ་ལྟེ་གནས་ཁག་གིས་ཡུལ་དངོས་སུ་དངུལ་བུན་བསྐྱི་བ་དང་སྤྱི་གསོག་མ་དངུལ་སོགས་ཀྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ནས་མང་ཚོགས་ཀྱིས་གྲོང་ཁྱེར་བརྒལ་ནས་ཁྱིམ་གཞིས་འཛུགས་པར་སྟབས་བདེ་བསྐྲུན་དེ་ངེད་རྫོང་གི་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད་ཟེར།

ཤེས་རྟོགས་བྱུང་བ་ལྟར་ན་ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ལས་སྤུས་ལེགས་ཁང་པའི་ཐོན་ཁུངས་ཏེ་ཟི་ལིང་དང་གུང་ཧོ། ཁྲི་ཀ་བཅས་ས་ཁོངས་ཆེན་པོ་གསུམ་གྱི་སྤུས་ལེགས་ཁང་བརྩེགས་གཅིག་སྡུད་བྱས་ཡོད་ལ། ཐེངས་འདིའི་ས་ཁོངས་བརྒལ་བའི་ཁང་པའི་འོས་སྦྱོར་ཚོགས་འདུ་ནི་ས་གནས་གཉིས་ཀྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་འཚོའི་ཞབས་ཞུ་ལེགས་བཅོས། ཁང་ཚོང་གི་ཡིད་རྟོན་མཐོར་འདེགས་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ས་ཁོངས་ཀྱི་ས་ཁང་བདག་ཁོངས་ཁྲོམ་ར་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་བསྩལ་ཡོད་པར་མ་ཟད། དམངས་ཕན་བདེ་སྡོད་ཞབས་ཞུ་སྔར་བས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་ཁང་པ་ཉོ་དཀའ་བའི་གནད་དོན་ཐག་བཅད་དེ་ས་གནས་ཀྱི་གནས་སྡོད་དང་འཚམ་པའི་དམངས་འཚོའི་ལས་དོན་ཞིག་ཀྱང་ཡིན།།


热门新闻

热门图库

热门排行