མཚོ་སྔོན་ཞིང་ཆེན་གྱིས2026ལོའི་ཨང་རྟགས3པའི་སྤྱིའི་ནགས(རྩྭ)དཔོན་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱས།
རང་ཞིང་གིས་ཉེ་ཆར2026ལོའི་ཨང་རྟགས3པའི་སྤྱིའི་ནགས(རྩྭ)དཔོན་གྱི་བཀའ་རྒྱ་བསྒྲགས་ཤིང་། འདབ་ཆགས་རིགས་ལ་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ལ་གནོད་པ་ཐེབས་པར་འགོག་སྡོམ་བྱེད་པ་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་བཅས་གཙོ་གནད་གསུམ་ལ་དམིགས་ཏེ། རིམ་པ་སོ་སོའི་ནགས(རྩྭ)དཔོན་གྱི་འགན་འཁྲི་སྔར་ལས་དངོས་འབེབས་བྱས་ནས། འདབ་ཆགས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ལ་གནོད་པ་ཐེབས་པར་འགོག་སྡོམ་བྱེད་པའི་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་སྟེ། ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་རེད།
རིམ་པ་སོའི་ནགས(རྩྭ)དཔོན་གྱིས་འདབ་ཆགས་སྲུང་སྐྱོབ་བྱ་བ་དེ་ལས་འགན་ལག་བསྟར་གྱི་ནང་དོན་གཙོ་བོར་བཟུང་ནས། མངའ་ཁོངས་ཀྱི་འདབ་ཆགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་སྟེ། ཕྱོགས་ཡོངས་ནས་འདབ་ཆགས་ཀྱི་ཐོན་ཁུངས་དང་འཚོ་གནས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང་རིམ་པ་གཉིས་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། ནགས་རྩྭ་དང་སྤྱི་བདེ། ཁྲོམ་རའི་ལྟ་སྐུལ་སོགས་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱ་དགོས་ཤིང་། གཞི་རིམ་ནགས(རྩྭ)དཔོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གོང་འོག་མཉམ་འབྲེལ་དང་མཉམ་འཛིན་བདག་གཉེར་གྱི་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། སྤྱོད་གཙང་དང་དྲ་བའི་བདེ་སྲུང་ཆས། མཚོ་སྔོན་ཞིང་ཆེན་གྱི་འདབ་ཆགས་སྲུང་སྐྱོབ་འགུལ་སྐྱོད་དང་ཁྲིམས་འགལ་གྱིས་འདབ་ཆགས་རིགས་རྔོན་འཛིན་ཉོ་འཚོང་བྱེད་པར་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་འགལ་གྱིས་བྱ་རིགས་རྔོན་འཛིན་དང་ཕྱིར་འཚོང་། ཉོ་སྒྲུབ། སྐྱེལ་འདྲེན་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་བར་རྡུང་རྡེག་ནན་མོ་གཏོང་དགོས། དུས་མཉམ་དུ། འཚོ་གནས་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། མདོ་ལ་རི་བོ། ཚྭ་འདམ་གཞོང་ཡུལ་སོགས་འདབ་ཆགས་ཀྱི་འཚོ་གནས་གཙོ་བོ་དང་སྐྱེ་འཕེལ་ས་ཆ། དགུན་སྐྱེལ་ས་ཆ། དེ་མིན་གནས་སྤོའི་རྒྱུ་ལམ་གཙོ་བོ་དག་ལ་སྲུང་སྐྱོབ་བྱ་དགོས་པ་དང་། སྐྱེ་ཁམས་དོ་དམ་པས་སྐོར་སྲུང་དང་བརྙན་མིག་གིས་ལྟ་རྟོག་བྱེད་པའི་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ། འདབ་ཆགས་ཀྱི་འཚོ་གནས་གཙོ་བོ་དང་གནས་སྤོའི་རྒྱུ་ལམ་གྱི་སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་བཏང་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་འདབ་ཆགས་རིགས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱ་བ་ལེགས་པོ་བསྒྲུབ་རྒྱུ་རེད།