གནད་བསྡུས། 详情

མཚོ་ལྷོ་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས2026ལོའི་སྟོན་ཀའི་སློབ་ཞུགས་རོགས་དངུལ་གནང་བའི་བྱ་འགུལ་སྤེལ།

ཟླ8པའི་ཚེས20ཉིན། མཚོ་ལྷོ་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གུང་ཧོ་རྫོང་དུ་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བརྩེ་སེམས་ཕུལ་བ་དང་། སློབ་ཞུགས་རོགས་དངུལ་ལ་བརྟེན་ནས་སློབ་བུའི་ཕུགས་བསམ་ལ་རམ་འདེགས་བྱེད་པ་ཞེས་པའི་ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ་ཞིང་། ཁུལ་ཡོངས་ཀྱི་དམངས་གཉེར་ཁེ་ལས16དང་མི་སྒེར8མ་སྐུལ་དང་ལེན་སྒོས་བྱ་འགུལ་ནང་ཞུགས་ནས། དཀའ་ངལ་ཅན་གྱི་ཁྱིམ་ཚང་གི་སློབ་མ111ལ་སློབ་ཞུགས་རོགས་དངུལ་སྒོར་ཁྲི25.68སྤྲད་པ་རེད།

ཐེངས་འདིའི་བྱ་འགུལ་གྱིས་ཅན་བཅུའི་ཏང་འཛུགས་གཙོར་བཟུང་སྟེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། དམངས་ལ་ཞབས་ཞུ་སྒྲུབ་པར་དམིགས་ནས་དམངས་ཀྱི་དཀའ་ངལ་སེལ་ཞིང་། ཁུལ་ཡོངས་ཀྱི་དཀའ་ངལ་ཁྱིམ་ཚང་གི་སྤྱོད་ཡོན་གཉིས་ལྡན་ཅན་གྱི་སློབ་མར་ཁ་གཏད་དེ་སློབ་ཞུགས་རོགས་སྐྱོར་བྱ་བ་སྤེལ་བ་རེད།

མཚོ་སྔོན་རྨ་ཆུ་ཞིང་ཕྱུགས་དར་རྒྱས་གསར་སྤེལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཧྲི་ལིང་ཕིང་གིས་བཤད་རྒྱུར། ངེད་ཁེ་ལས་ཀྱིས་རང་ས་གནས་ཀྱི་འཕེལ་རྒྱས་ལ་གཞི་ཚུགས་ཡོད་པས། ཕ་ཡུལ་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་དམིགས་ཡུལ་ནི་རང་ནུས་ཅི་ལྕོགས་ཀྱིས་དཀའ་ངལ་ཡོད་པའི་སློབ་བུའི་སློབ་གཉེར་ཁུར་པོ་ཇེ་ཡང་དུ་གཏོང་ཆེད་ཡིན་ལ། སློབ་བུ་ཚོས་སེམས་ཁྲལ་དོར་ནས་བློ་སེམས་བདེ་པོའི་ངང་སློབ་སྦྱོང་བྱ་རྒྱུ་ནི་ངའི་རེ་བ་ཡིན་པས། ངས་མུ་མཐུད་དུ་བརྩེ་སེམས་འདི་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཟེར།

རྒྱུས་ལོན་པ་ལྟར་ན། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་སྟོན་ཀའི་སློབ་ཞུགས་རོགས་སྐྱོར་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་གཉེར་ཁེ་ལས་ཀྱི་སྤྱི་ཕན་སྟེགས་བུ་བསྐྲུན་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་མ་ཟད། སྔར་ལས་མང་པའི་དམངས་གཉེར་ཁེ་ལས་པ་སྤྱི་ཕན་ལས་དོན་ནང་དུ་ཞུགས་པར་སྐུལ་ཁྲིད་བྱས་ནས། ཁུལ་ཡོངས་ཀྱི་སློབ་གསོ་ལས་དོན་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་མུ་མཐུད་དུ་སྒུལ་ཤུགས་སྩོལ་རྒྱུ་རེད།

རོགས་སྐྱོར་ཐེབས་པའི་སློབ་མའི་འཐུས་ཚབ་པ་མཁའ་འབུམ་ཚེ་རིང་གིས་བཤད་རྒྱུར། སྲིད་གཞུང་དང་བྱམས་ལྡན་ཁེ་ལས་ཀྱིས་ང་ལ་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན། ཐེངས་འདིའི་རོགས་སྐྱོར་ལས་ངེད་ཁྱིམ་ཚང་གི་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཡང་དུ་བཏང་བས། ངས་བློ་སེམས་བདེ་བོའི་ངང་སློབ་སྦྱོང་བྱས་ཆོག་ལ།  རྗེས་ཕྱོགས་ངས་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་བྱས་ཏེ་རང་ནུས་ཐུབ་ཚོད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར། 

热门新闻

热门图库

热门排行