སྒྲོན་བརྙན། 详情

ཧན་ཀྲིན་གྱིས་ཁུ་ཝེ་ཐེའི་ཕྱི་འབྲེལ་བློན་ཆེན་ཅེ་ལ་ཧི་ལ་ཐུག་འཕྲད་གནང་བ།

ཟླ8ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཁུ་ཝེ་ཐེ་ཕྱི་འབྲེལ་བློན་ཆེན་ཅེ་ལ་ཧི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཁུ་ཝེ་ཐེ་ཕྱི་འབྲེལ་བློན་ཆེན་ཅེ་ལ་ཧི་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཁུ་ཝེ་ཐེའི་སྲོལ་རྒྱུན་མཛའ་བརྩེ་ཤིན་ཏུ་ཟབ། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་གཙོ་འཛིན་མེ་ཧྲ་ལི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཁུའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། ད་ལོ་ནི་ཀྲུང་ཁུའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར55ལོན་པའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ནས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད། ཕྱོགས་མང་མཉམ་ལས་ཟབ་སྤེལ་བྱས་ཏེ། ཀྲུང་ཁུའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྔ་མོ་ནས་སླར་གསོ་ཐུབ་པར་འབད་བརྩོན་བྱེད་འདོད་ཡོད།

ཅེ་ལ་ཧི་ཡིས་བསྟན་དོན། ཁུ་ཀྲུང་འབྲེལ་བའི་མཛའ་བརྩེའི་རྒྱུན་རིང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཁུ་ཝེ་ཐེ་ལ་རྒྱབ་སྐྱོར་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁུ་ཝེ་ཐེ་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་འཁོར55ལོན་པ་གོ་སྐབས་སུ་བཟུང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཁུ་ཀྲུང་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མདུན་ལྗོངས་གསར་བ་རྒྱུན་ཆད་མེད་པར་བསྐྲུན་འདོད་ཡོད། །

热门新闻

热门图库

热门排行