གཙོ་གནད། 详情

ཞི་ཅིན་ཕིང་གིས་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་མཛད་པ།

ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཅོར་ཏན་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། སྤྱི་ཕན་མཉམ་ལས་བཅས་བྱེད་པ་ནི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་མཉམ་ལས་མཉམ་རྒྱལ། བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད། 2015ལོར་ང་ཚོས་ཐུན་མོང་གིས་ཀྲུང་གོ་དང་ཅོར་ཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས། འགྱུར་ལྡོག་དང་རྙོག་འཛིང་གི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་མདུན་དུ། སྔར་ལས་ནང་དོན་ལྡན་པ་དང་སྔར་ལས་གསོན་ཤུགས་ལྡན་པའི་ཀྲུང་གོ་དང་ཅོར་ཏན་གྱི་འབྲེལ་བ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པ་མ་ཟད། འཛམ་གླིང་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་པ་རེད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་དང་། འཐབ་ཇུས་ཀྱི་ཕན་ཚུན་ཡིད་རྟོན་ཆེ་རུ་གཏོང་བ། སྤྱི་ཕན་མཉམ་ལས་ཟབ་སྤེལ་ཏུ་གཏོང་བ་དང་། ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཅོར་ཏན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་སྔར་ལས་ཇེ་ཆེར་འགྲོ་རྒྱུར་སྐུལ་འདེད་དང་། རྒྱུན་ཆད་མེད་པར་ས་ཁུལ་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་ས་ཁུལ་གྱི་ཐུན་མོང་མ་ཡིན་པ་དང་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཅོར་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། ཅོར་ཏན་ཕྱོགས་དང་མཉམ་དུ་སྲིད་གཞུང་དང་སྲིད་ཏང་། ཁྲིམས་འཛུགས་ལས་ཁུངས། ས་གནས་སོགས་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས། ཀྲུང་གོ་དང་ཅོར་ཏན་གཉིས་ཀྱི་མཉམ་ལས་ནི་གཉིས་ཕན་མཉམ་རྒྱལ་ཡིན་ལ། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་སྔར་ལས་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགྲིམ་འགྲུལ། གཏེར་ཁ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས། ལྗང་མདོག་ནུས་ཁུངས་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་རྒྱ་སྐྱེད་གཏོང་དགོས་པ་དང་། སློབ་གསོ་དང་རིག་གནས། ཚན་རྩལ། ཡུལ་སྐོར་སོགས་ཀྱི་བརྗེ་རེས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། མི་སྣའི་འགྲོ་འོང་རྒྱ་བསྐྱེད་དང་། དམངས་སེམས་གཅིག་ཏུ་སྦྲེལ་ཤུགས་ཆེ་རུ་གཏོང་དགོས།ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་ཕྱོགས་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་གྲོས་གཞི་ཆེན་པོ་བཞི་ལག་བསྟར་བྱེད་འདོད་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་ཐུན་མོང་གིས་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་གྲོས་མོལ་གནང་།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་བསྟན་དོན། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པར་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་རེད། ཅོར་ཏན་དང་ཀྲུང་གོས་སྟོབས་ལྡན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཉམ་ལས་དམ་ཟབ་བྱས་པས།ཁྱབ་ཁོངས་སོ་སོས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཅོར་ཏན་གྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོ་དང་དཔལ་འབྱོར་ཚོང་དོན། བཟོ་སྐྲུན། ཞིང་ལས། ཚན་རྩལ། སྨན་བཅོས། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བར་གཞོལ་ནས། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཅོར་ཏན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ཐུན་མོང་གིས་དར་རྒྱས་གོང་འཕེལ་ཡོང་བར་མངོན་འགྱུར་བྱེད་དགོས། ཅོར་ཏན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ། ཀྲུང་གོས་འཛམ་གླིང་གི་གར་སྟེགས་སྟེང་སྔར་ལས་གལ་འགངས་ཆེ་བའི་མགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་དམག་མཚམས་འཇོག་རྒྱུའི་ལངས་ཕྱོགས་འཛིན་བཞིན་ཡོད་ཅིང་། ཆབ་སྲིད་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་རྩོད་གཞི་སེལ་བ་དང་། ཅོར་ཏན་ཚུད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་བརྩི་འཇོག་བྱེད་འོས་པར་བསམ། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཡིན་ཞིང་། གནད་དོན་འདི་ཐག་གཅོད་སྐུལ་འདེད་གཏོང་བར་རྩ་དོན་བཞི་རྒྱུན་འཁྱོངས་བྱ་དགོས་པ་སྟེ། གཅིག ངེས་པར་དུ་ཆབ་སྲིད་ཀྱིས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།"རྒྱལ་ཁབ་གཉིས་ཀྱི་ཇུས་གཞི"ཡི་ཁ་ཕྱོགས་ཡང་དག་འདི་གཏན་འཁེལ་བྱས་ནས། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་ཡང་བསྐྱར་ཞི་བའི་གྲོས་མོལ་བྱེད་པར་སྐུལ་འདེད་བཏང་སྟེ། སྔ་མོ་ནས་ཕ་ལེ་སི་ཐན་རང་ཚུགས་ངང་རྒྱལ་ཁབ་འཛུགས་པར་མངོན་འགྱུར་བྱེད་དགོས།གཉིས། ངེས་པར་དུ"ཕ་ལེ་སི་ཐན་པས་ཕ་ལི་སི་ཐན་བཅོས་སྐྱོང་བྱེད་པར"རྒྱུན་འཁྱོངས་དང་། ཕ་ལེ་སི་ཐན་ནི་ཕ་ལེ་སི་ཐན་བ་ཡོངས་ཀྱི་ཁྱིམ་གཞིས་ཡིན་པས། ངེས་པར་དུ"ཕ་ལེ་སི་ཐན་པས་ཕ་ལེ་སི་ཐན་བཅོས་སྐྱོང་བྱེད་པའི"རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཅོར་ཏན་གཙང་པོའི་ནུབ་ངོགས་བཅོས་སྐྱོང་དང་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསུམ། ངེས་པར་དུ་མི་ཆོས་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ཏན་ཏིག་གིས་འཁུར་ནས་མི་སེར་དཀྱུས་མའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགན་ལེན་བྱས་ནས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཀག་འགོག་བྱེད་དགོས། བཞི། ངེས་པར་དུ་དྲང་སྙོམས་དྲང་བདེན་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་ཁྲིམས་སྐྱོང་རྨང་གཞི་དང་། རྩ་ལག་མཉམ་བཅོས་དམིགས་འབེན་དུ་བྱེད་པ། དངོས་སྒྲུབ་ཀྱི་བྱ་སྤྱོད་ཐབས་ལམ་དུ་བྱས་ཏེ། སྔ་མོ་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་བསྟན་དོན། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་གཞུང་དྲང་གི་ལངས་ཕྱོགས་འཛིན་པ་དང་། ཨ་རབ་རྒྱལ་ཁབ་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱི་དྲང་བདེན་ལངས་ཕྱོགས་དེ་ས་ཁུལ་དང་རྒྱལ་ཁབ་ལ་ཧ་ཅང་གལ་ཆེན་ཡིན་པ་དང་། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ནས། གནས་བབ་ཞི་ལྷོད་དུ་གཏོང་བར་མུ་མཐུད་དུ་འབད་བརྩོན་ཧུར་ཐག་བྱས་ཏེ། དབུས་ཤར་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་དར་རྒྱས་ལོངས་སུ་སྤྱོད་པར་བྱེད་འདོད་ཡོད།

གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱི་འབྲེལ་དང་དཔལ་འབྱོར་ཉོ་ཚོང་། ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་སོ་སོར་མིང་རྟགས་བཀོད་པར་ཐུན་མོང་གིས་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅོར་ཏན་ཧ་ཞིས་མུའུ་རྒྱལ་པོའི་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ། དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས། །

热门新闻

热门图库

热门排行