གནད་བསྡུས། 详情

སྐབས་བཅུ་དྲུག་པའི་ཁུལ་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཁུལ་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས22ཉིན། སྐབས་བཅུ་དྲུག་པའི་ཁུལ་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཁུལ་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་ཤིང་།གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་པ་དང་། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོས་གཏན་ཁེལ་བྱས་པའི་དམིགས་འབེན་འོས་འགན་ལག་བསྟར་བྱ་རྒྱུར་དམིགས་ནས།སྲིད་གཞུང་སྡེ་ཁག་གི་རང་ངོས་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན།སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་བྱ་བ་སོ་སོ་བཀོད་སྒྲིག་བྱས་ཏེ།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་འོས་འགན་གསར་པ་འཁུར་པ་དང་སྤྱོད་ལམ་གསར་པ་མངོན་པར་སྐུལ་སློང་བྱས་ནས།ཁུལ་ཡོངས་ཀྱི་ཚད་མཐོའི་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་ལམ་བུ་གསར་པར་འབད་པས་བསྐྱོད་དགོས་ཞེས་བསྟན།

གྲོས་ཚོགས་ལས་དུས་རབས་གསར་པ་དང་ལམ་བུ་གསར་པ། ལས་འགན་གསར་པ་བཅས་ལ་ཁ་གཏད་དེ། ཁུལ་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གིས་ཡིད་རྟོན་བྱ་ཆོག་ལ་ཁྲིམས་ལྟར་སྲིད་འཛིན་པ། དངོས་སྒྲུབ་འགན་འཁྲི་ཁུར་པ། དམངས་ལ་དོན་བཟང་སྒྲུབ་པ། སྤྱོད་གཙང་དྲང་བཞག་བཅས་ཀྱི་དེང་རབས་ཅན་གྱི་ཞབས་ཞུའི་རྣམ་པའི་སྲིད་གཞུང་ཞིག་བསྐྲུན་པའི་དམིགས་འབེན་ལ་གཞིགས་ནས། དུས་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འཁུར་སེམས་དང་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་ལག་བསྟར་ནུས་པ། མི་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི་བློ་སྤོབས་བཅས་ལ་བརྟེན་ནས། འགན་ནུས་ལག་བསྟར་དང་དངོས་སྒྲུབ་ཏན་ཏིག་སྒོས། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཡིད་ཚིམ་པའི་གྲུབ་འབྲས་ཤིག་ལེན་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མུ་མཐུད་དུ་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ཀྱི་དད་མོས་བརྟན་པོ་དང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས། ཆབ་སྲིད་ཀྱི་འགན་ལེན་ལ་ཤུགས་སྣོན། ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བཅས་བྱས་ནས། ཏང་ཀྲུང་དབྱང་གིས་འབོད་སྐུལ་བཏང་ན་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱེད་པ་དང་ཁུལ་ཨུས་བླང་བྱ་འདོན་པ། སྲིད་གཞུང་གིས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་བྱ་དགོས། དུས་ནམ་ཡང་སྣེ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་། སྲིད་གཞུང་སྡེ་ཁག་གིས་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བར་སྐུལ་འདེད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་སྐུལ་འདེད། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྲིད་གཞུང་གི་དབང་ཆ་ཚད་ལྡན་གྱིས་སྤྱོད་པ། མངའ་ཁོངས་གཙོ་བོའི་ཉེན་ཁར་སྔོན་འགོག་བྱེད་པ།སྤྱོད་ཚུལ་མི་ལེགས་པ་མཐའ་གཅིག་ཏུ་བཅོས་སྐྱོང་བཅས་བྱས་ཏེ། སྤྱོད་གཙང་གི་ལས་བྱེད་པ་དང་སྲིད་གཙང་གི་སྲིད་གཞུང་།དྲང་གཞག་གི་ཆབ་སྲིད་བཅས་ཀྱི་ཁོར་ཡུག་ལེགས་པོ་ཞིག་མུ་མཐུད་དུ་བསྐྲུན་དགོས། བློ་སྤོབས་ཆེན་པོས་སྤྱོད་ལམ་ནུས་པའི་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་ཡོད་ཚད་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས། རང་བྱུང་གི་ཆོས་ཉིད་ལ་བརྩི་འཇོག་དང་དོན་དངོས་ཀྱི་ཆ་རྐྱེན་ཁོང་དུ་ཆུད་པར་བྱེད་པ། རང་ནུས་ཅི་ཐུབ་ཀྱིས་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བཅས་བྱས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལས་གཏན་ཁེལ་བྱས་པའི་དམིགས་འབེན་འོས་འགན་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རིགས་སོ་སོའི་མང་ཚོགས་ལ་ཕན་པའི་དམངས་ཚིས་དོན་དངོས་སུ་འགྱུར་བར་བྱ་དགོས། གཞི་རིམ་གྱི་གསར་སྤེལ་སྙིང་སྟོབས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ལག་ལེན་ཁྲོད་དུ་གནད་དོན་ཐག་གཅོད་པའི་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་རྒྱབ་རྟེན་འདོན་སྤྲོད་བྱ་དགོས། དཔལ་འབྱོར་གྱི་རྨང་གཞི་བརྟན་པོར་གཏོང་བ་དང་། ལས་གཞིའི་འཛུགས་སྐྲུན་དམ་འཛིན་དང་དངུལ་གཏོང་ནུས་པ་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཏན་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ། ལོ་རེའི་འབབ་འཕར་ལ་བརྟེན་ནས་ལོ་ལྔའི་འཕེལ་རྒྱས་ཆེན་མོར་འདེགས་སྐྱོར་བྱེད་པ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོས་འཕར་བར་སྐུལ་འདེད་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ལོ་རེའི་དམིགས་འབེན་ལས་འགན་ལ་ཞིབ་བསྡུར་ནན་མོ་བྱས་ཏེ། གཙོ་གནད་ལས་གཞིའི་འཛུགས་སྐྲུན་དང་ནོར་སྲིད་མ་དངུལ་གཏོང་སྤྲོད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ནོར་ལུག་ཕྱིར་འཚོང་གི་འཆར་འགོད་གཏན་འབེབས་བྱས་ཏེ།སྲིད་ཇུས་ཀྱི་ནུས་པ་གནད་འཁེལ་ངང་འདོན་སྤེལ་བྱས་ནས། རོང་འབྲོག་མང་ཚོགས་ཀྱིས་ནོར་ལུག་ཕྱིར་འཚོང་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་དགོས། འཛད་སྤྱོད་ལ་སྐུལ་བའི་བྱེད་ཐབས་མང་པོ་ལག་བསྟར་བྱས་ཏེ་ཚོང་རའི་འཛད་སྤྱོད་གསོན་ཤུགས་འཕེལ་བར་བྱ་དགོས། ཞིན་ཧེའི་ཡོམ་རྗེས་ཀྱི་བསྐྱར་སྐྲུན་བྱ་བར་སྐུལ་འདེད་བཏང་སྟེ། སྔ་མོ་ནས་ལས་གཞིའི་ལས་མགོ་རྩོམ་པར་འབད་པ་བྱ་དགོས།ཅན་བཅུའི་ཏང་འཛུགས་གཙོ་གནད་དུ་བཟུང་སྟེ། རིམ་པ་སོ་སོའི་སྟོབས་ཤུགས་དང་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། གཉིས་འབྲེལ་མཉམ་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། སེམས་ཤུགས་ཡོད་ཚད་ཀྱིས་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་བཞིན་པའི་གནད་དོན་ཐག་གཅོད་བྱ་དགོས་ཞེས་བླང་བྱ་བཏོན།

གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གི་ལས་བྱེད་པས་ཁུལ་ཨུའི་མགོ་ཁྲིད་བརྟན་པོའི་འོག དངོས་སྒྲུབ་འགན་ལེན་གྱི་འབད་འཐབ་སྙིང་སྟོབས་དང་བྱས་རྗེས་གང་ལེགས་འཇོག་པའི་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་གསར་སྤེལ་ཡར་བརྩོན། དངོས་སྒྲུབ་གཙིགས་འཛིན། སྔོན་ཐོན་བརྩོན་ལེན་བཅས་བྱས་ནས། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་སྒོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་རྣམ་པ་གསར་པ་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་ཞེས་འབོད་སྐུལ་བཏང་།

གྲོས་ཚོགས་གྲོལ་རྗེས། ཁུལ་སྲིད་གཞུང་ཚན་ཁག་གི་ཁོངས་མི་མཚོ་ལྷོ་ཁུལ་གནས་བཞིའི་ཐོན་ལས་གསར་སྤེལ་ཉམས་ལེན་རྟེན་གཞི་རུ་སོང་ནས་ཏང་གཤིས་སློབ་གསོ་སྤེལ་བ་དང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཁུལ་ཚན་རྩལ་མཐུན་ཚོགས། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། རྫོང་སོ་སོའི་སྲིད་གཞུང་དང་ཁུལ་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།།

热门新闻

热门图库

热门排行