གནད་བསྡུས། 详情

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུར་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས22ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་དོན་གྲུབ་ཀྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དེ་མིན་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་བྱ་བར་ཤུགས་རྒྱག་པའི་ཐད་བླང་བྱ་བཏོན་པ་རེད།

ཚོགས་འདུ་ལས་སྐབས་གསར་པའི་ཁུལ་སྲིད་གཞུང་ཚན་ཁག་གིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཕྲག་ཏུ་བླངས་ཏེ། དུས་ནམ་ཡང་ཆབ་སྲིད་ལ་དོ་སྣང་བྱ་རྒྱུ་དེ་གཙོར་བཟུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱ་དགོས། རང་རྟོགས་ངང་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དེ་སྲིད་གཞུང་གི་འགན་སྒྲུབ་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཁུལ་ཨུའི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ནས། སྲིད་གཞུང་གི་བྱ་བ་དེ་དུས་ནམ་ཡང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་བསྟུན་པར་འགན་ལེན་བྱ་དགོས། ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ལ་གོང་བཀུར་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ལམ་དང་བྱ་བའི་གོ་རིམ། གྲོས་གཞིའི་རྩ་དོན་བཅས་ནན་སྲུང་བྱས་ཏེ། དུས་ནམ་ཡང་རང་སེམས་ཆུན་པ་དང་རང་ཚུགས་ཐུབ་པ། རང་ཚོད་ཟིན་པ་བཅས་བྱ་དགོས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ། མང་ཚོགས་ཀྱི་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལ་བརྩི་སྲུང་ནན་མོ་བྱས་ཏེ། རུལ་སུངས་ལ་རྒོལ་བའི་བསམ་བློའི་འགོག་སྲུང་དང་ལམ་ལུགས་ཀྱི་འགོག་སྲུང་མཐའ་གཅིག་ཏུ་བརྟན་པོར་འཛུགས་དགོས། དུས་ནམ་ཡང་གཟབ་ནན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་རྒྱུན་རྣམ་ཅན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་གནས་གཅིག་དང་འགན་འཁྲི་གཉིས་དོན་འཁྱོལ་བྱས་ནས། ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་སྒོའི་བྱ་བ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ནན་མོ་བྱ་དགོས། མཐུན་སྒྲིལ་ཡར་བརྩོན་དང་རྡོག་རྩ་གཅིག་སྒྲིལ། ལས་སྒྲུབ་ལས་སྐྲུན་བཅས་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་བསྐྲུན་ཏེ། བསམ་བློ་གཅིག་མཐུན་དང་དམིགས་འབེན་གཅིག་མཚུངས། བྱ་སྤྱོད་གཅིག་གྱུར། མཉམ་ཤུགས་གཅིག་འདོན་བཅས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་དང་ཞན་ཆར་དམིགས་ཏེ། བྱ་བ་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་དང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ།རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།        

ཚོགས་འདུ་ལས་ད་དུང་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས། །

热门新闻

热门图库

热门排行