གཙོ་གནད།2 详情

མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པས་ཉིང་ཞཱ་ཧའེ་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་གནངབ་།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས20ཉིན་ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་གཉིས་ཀྱིས་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཉིང་ཞཱ་ཧའེ་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ནས་བཞུགས་མོལ་སྤེལ་རེས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་མཚོ་ལྷོ་རུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཀྱི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་གཉིས་ཕན་མཉམ་རྒྱལ་ཡོང་བ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཉིང་ཞཱ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ལུའུ་ཀའོ་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་དང་ཉིང་ཞཱ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་ཁྱེར་གྱི་མགོ་གཙོ་མཱ་ཞིའུ་ལིན་གཉིས་ཀྱིས་མཚོ་ལྷོ་ཁུལ་དང་ཀྲུང་ཝེ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། 

ཞུང་ཡོན་ལའེ་ཡིས་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་ཝེ་གྲོང་ཁྱེར་གྱི་བཀོད་སྒྲིག་གང་ལེགས་དང་བློ་གྲོས་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོས་ཐེངས་འདིར་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲུང་ཝེ་གྲོང་ཁྱེར་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་ནི་རང་ངོས་འཕེལ་རྒྱས་ཀྱི་ཞན་ཆར་གཞི་ཚུགས་པ་དང་། ཞིང་ཆེན་ཕྱིའི་ཕུལ་བྱུང་ཉམས་མྱོང་དཔྱད་གཞིར་འཛིན་པ། ནུས་ཁུངས་གཞན་སྒྱུར་འཕེལ་རྒྱས་ལ་ནུས་ཤུགས་སྩོལ་བའི་གནད་འགག་གི་བྱེད་ཐབས་ཤིག་ཡིན། གནས་མཆོག་མཚོ་ལྷོ་དང་ཡུན་ཐེན་ཀྲུང་ཝེ་གཉིས་ནི་ཡུལ་བབ་འདྲ་ལ་འབྲེལ་འདྲིས་ཟབ་པ་དང་། ཁྱད་ཆོས་གཅིག་མཚུངས་བཅས་ཡིན་པས། ས་གནས་གཉིས་ཀྱིས་མ་ཡུམ་ཆུ་བོ་སྟེ་རྨ་ཆུ་ལ་བརྟེན་ནས་སོ་སོའི་ཁྱད་ཆོས་ལྡན་ཞིང་མཉམ་འདྲེས་མཉམ་གནས་ཀྱི་ས་ཁོངས་དཔལ་ཡོན་དར་སྤེལ་དུ་བཏང་ནས་ས་གནས་གཉིས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ཉེ་བའི་ལོ་འགའི་རིང་ས་གནས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཉིང་ཞཱ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་ས་བབ་ཀྱི་དགེ་མཚན་དང་ཐོན་ཁུངས་ལ་གཞི་བཙུགས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། སྐྱེ་ཁམས་སྲུང་སྐྱོང་དང་ནུས་ཁུངས་གསར་སྤེལ། ཐོན་ལས་རིམ་སྤོར། དམངས་ཕྱུག་འབབ་འཕར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་ཝེ་གྲོང་ཁྱེར་གྱིས་ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ཁུངས་གཙང་མའི་གཞི་ཁྱོན་ཅན་གྱི་གསར་སྤེལ་དང་རྩིས་གློག་གཞི་གཅིག་ཅན་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ། ལྗང་གློག་ཐད་སྦྲེལ་གསར་གཏོད་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཁུངས་དྲ་ཁུར་གསོག་མ་ལག་འཛུགས་པ། ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་འདེགས་ནུས་མཐོ་སོགས་ཀྱི་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་མང་པོ་སེལ་ནས་མཚོ་ལྷོ་ཁུལ་གྱིས་ཐོན་ལས་ཀྱི་ཞན་ཆ་གསབ་པ་དང་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་ཉམས་མྱོང་འདོན་སྤྲོད་བྱས་ཡོད་ཅེས་བསྟན་པ་དང་། ཐེངས་འདིའི་རྟོག་ཞིབ་དང་སློབ་སྦྱོང་གོ་སྐབས་སུ་བཟུང་སྟེ་ཡུལ་བབ་དང་བསྟུན་ནས་དམིགས་ཚད་དཔྱད་གཞིར་འཛིན་པ་དང་། སློབ་སྦྱོང་ཁྲོད་ཀྱི་བསམ་ཕྱོགས་བཟང་པོ་དང་ལམ་སྲོལ་བཟང་པོ། བྱེད་ཐབས་བཟང་པོ་བཅས་རང་ཁུལ་གྱི་ཐོན་ལས་རིམ་སྤོར་དང་རྩིས་ཤུགས་ནུས་སྩོལ། ལྗང་གློག་བེད་སྤྱོད། ཞིང་ཕྱུགས་སྤུས་འདེགས་བཅས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་བ་དང་། དེ་དང་ཆབས་ཅིག་ས་གནས་གཉིས་ཀྱིས་ཐེངས་འདིའི་སྤེལ་རེས་སྦྲེལ་ཐག་ཏུ་བྱས་ཏེ། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས་ཁྱབ་ཁོངས་མང་པོའི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་པ་དང་། ཀྲུང་ཝེ་གྲོང་ཁྱེར་གྱི་རིམ་པ་ཁག་གི་མགོ་ཁྲིད་མཚོ་ལྷོ་རུ་རྟོག་ཞིབ་དང་བྱ་བར་མཛུབ་ཁྲིད་གནང་བར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་ཞུས་པ་ཡིན་ཏེ། གནས་མཆོག་མཚོ་ལྷོའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཐད་བླངས་པའི་གྲུབ་འབྲས་ཉམས་ལེན་བྱས་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ལེན་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཉིང་ཞཱ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ལུའུ་ཀའོ་ཆང་གིས་ཀྲུང་ཝེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲུང་ཝེ་རུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་ལྷོ་ཁུལ་གྱིས་བཅོས་སྒྱུར་འཕེལ་རྒྱས་ཐད་བླངས་པའི་འབུར་ཐོན་གྲུབ་འབྲས་ལ་གདེང་འཇོག་བྱས། ཁོས་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་ཆེད་དུ་ཀྲུང་ཝེ་རུ་རྟོག་ཞིབ་སྤེལ་རེས་དང་ཉམས་མྱོང་བརྒྱུད་སྤྲོད་བྱེད་དུ་ཡོང་བས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཀྲུང་ཝེ་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་གྱིས་འཕར་གཞི་གསར་པ་གཏོད་པའི་དམིགས་འབེན་གཅིག་མཚུངས་ཡིན་པ་དང་། ལེགས་ཆ་གསབ་རེས་དང་གོ་སྐབས་མཉམ་སྤྱོད་ལ་བརྟེན་ནས་ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་དང་ཆ་རྐྱེན་ལེགས་པོ་འཛོམས་ཡོད་པས། ས་གནས་གཉིས་ཀྱིས་རང་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་ཁྱབ་ཁོངསམུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་དང་མཉམ་དུ་འབད་བརྩོན། ནུས་ཁུངས་གཙང་མ་ཕན་ཚུན་སྦྲེལ་མཐུད་དང་གྲངས་འཛིན་ཆ་འཕྲིན་གྱི་ཕན་འབྲས་མཉམ་སྤྱོད། རིག་གནས་ཡུལ་སྐོར་ཕན་ཚུན་མཉམ་འདྲེས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕན་ཚུན་སྐུལ་འདེད་བཅས་བྱས་ནས། ས་གནས་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་དང་ཁྱབ་ཁོངས་སྔར་ལས་ཆེ་བ། ཆུ་ཚད་སྔར་ལས་མཐོ་བ་བཅས་ལ་སྐུལ་འདེད་བཏང་སྟེ། མ་འོངས་པར་ཐུན་མོང་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་མཉམ་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན།

ཀྲུང་ཝེ་རུ་རྟོག་ཞིབ་བྱེད་སྐབས་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་སྔ་རྗེས་སུ་ཧྲ་ཕོ་ཐོའུ་ས་ཁུལ་རོའུ་ཡོན་གྲོང་བརྡལ་ཧྲ་ཆུས་སྡེ་བའི་རིག་ནུས་དྲོད་ཁང་དཔེ་སྟོན་གླིང་དང་ཡུང་ཁང་གྲོང་བརྡལ་ཧྲ་ཐན་སྡེ་བའི་ཁྲང་ཧྲེང་ཕྱུགས་ཟོག་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཀྲུང་ཝེ་གྲོང་ཁྱེར་ཚན་རྩལ་ཁང་། ཀྲུང་གོའི་མཉམ་སྦྲེལ་ཀྲུང་ཝེ་རུབ་རྩིས་གཞི་གྲངས་ལྟེ་གནས། ཀྲུང་གོའི་སྤོ་སྒུལ་ཉིང་ཞཱའི(ཀྲུང་ཝེ)གཞི་གྲངས་ལྟེ་གནས། ཏ་ཐང་ཀྲུང་ཝེ་རུབ་རྩིས་རྟེན་གཞིའི་གཞི་གྲངས་ལྟེ་གནས་བཅས་ཀྱི་ལྗང་མདོག་གློག་འདོན་ལས་གཞིའི་ཡུལ་དངོས་སུ་སོང་སྟེ།  ཀྲུང་ཝེ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་དང་གྲངས་འཛིན་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། 

མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་ཏེང་ཧྲེང་ཕེང་དང་ཆིའུ་ཡོན་ལིན། ཀྲུང་ཝེ་གྲོང་ཁྱེར་གྱི་མགོ་ཁྲིད་ཀྲའོ་ཧུའེ་ཡུང་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།།


热门新闻

热门图库

热门排行