ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།
(2026ལོའི་ཟླ8པའི་ཚེས22ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་བ)
ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ2026ལོའི་ཟླ8པའི་ཚེས22ཉིན་པེ་ཅིན་དུ་འཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན116ཡོད།
ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ལི་ཞི་ཡིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཏང་འཛུགས་ཀྱི་ལེའུ་ཡིན་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན། རྒྱ་ཆེ་ཞིང་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ། མ་ལག་དམ་པ། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་ཡུལ་ཁམས་གསར་པ་བཏོད་དེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ལ་རྩ་བའི་བརྩི་སྲུང་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་མཐའ་གཅིག་ཏུ་དད་མོས་བྱེད་མཁན་དང་ལག་ལེན་རྣམ་དག་བྱེད་མཁན་ཞིག་བྱ་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་རྒོལ་བའི་ལམ་བུའི་ཐོག་ཡག་པོར་བསྐྱོད་དེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་ཐོག་ནས། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྒྲིག་བཤེར་དང་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས2026ལོའི་ལོ་སྟོད་ཀྱི་སྒྲིག་བཤེར་དང་ལྟ་ཞིབ་བྱ་བར་ཕྱོགས་སྡོམ་བྱས་པ་དང་། རིམ་པ་རྗེས་མའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློའི་ཁྲིད་སྟོན་ལ་སྔར་བས་ཤུགས་རྒྱག་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དོན་གྱི་སྙིང་པོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་དགོས། རང་རྟོགས་ཀྱིས་བསམ་བློར་ངེས་ཤེས་བསྐྱེད་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ནས། སྒྲིག་བཤེར་དང་ལྟ་ཞིབ་ཀྱི་བྱ་བ་མཐའ་དག་ལ་སྤྱི་འདོམས་བྱེད་དགོས། བྱ་བ་དོན་འཁྱོལ་ལ་སྔར་བས་ཤུགས་བརྒྱབ་ནས་སྲིད་འབྲས་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་སྐོར་ཞིབ་ཟབ་སྤེལ་བྱས་ནས། སྐབས་བརྗེའི་སྒྲིག་ཁྲིམས་དམ་པོར་བཟོ་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལོ་ཧྲིལ་བོའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། རྒྱུད་རིམ་ལྡན་པའི་བསམ་གཞིགས་དང་ཚད་མཐའི་བསམ་གཞིགས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། གཙོ་གནད་དམ་འཛིན་དང་སྤྱི་འདོམས་སྐུལ་འདེད་བཏང་ནས། བྱ་བའི་སྒྲིལ་ཤུགས་ལེགས་པོ་ཆགས་པར་བྱས་ཏེ། བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་རྒྱག་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བླང་བྱ་གལ་ཆེན་ལྟར། “སྒྲིག་བཤེར་དང་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་སུ་འཛུགས་སྐྲུན་ལོའི”འགུལ་སྐྱོད་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་དགོས། བློ་དཀར་སྤྱོད་གཙང་འགན་འཁུར་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ་དང་བྱེད་ཕོད་པ་བཅས་ཀྱི་སྒྲིག་བཤེར་དང་ལྟ་ཞིབ་ཧྲག་དམག་འཛུགས་སྐྱོང་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། བློ་མཐུན་ཀྲའོ་ཧྲི་ཡུང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པར་འདེམས་བསྐོ་བྱས་པ་དང་། བློ་མཐུན་ཀྲང་ཀྲུང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་འདེམས་བསྐོ་བྱས། །