ལོ་ངོ་སྟོང་ཕྲག་ལྡན་པའི་བོད་ཀྱི་གསོ་རིག་མཐོ་སྒང་ནས་འཛམ་གླིང་དུ་བསྐྱོད་པ།

པར་འདི་ནི་སྐབས་གཉིས་པའི《གསོ་རིག་རྒྱུད་བཞི》དང་སྨན་ཐང་ཞིབ་འཇུག་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་བསྡུར་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་གཉིས་པའི《གསོ་རིག་རྒྱུད་བཞི》དང་སྨན་ཐང་ཞིབ་འཇུག་རྒྱལ་སྤྱི་རིག་གཞུང་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་ཚེས20ཉིན་ལྷ་ས་ནས་བསྡུས་ཤིང་། ཀྲུང་གོ་དང་དབྱིན་ཇི། འཇར་མན། བལ་ཡུལ་སོགས་ཀྱི་བོད་ཀྱི་གསོ་རིག་མཁས་པ200ལྷག་གིས་བོད་ཀྱི་གསོ་རིག་གི་ལོ་རྒྱུས་འབྱུང་ཁུངས། གཞུང་ལུགས་མ་ལག གསོན་རྣམ་རྒྱུད་འཛིན། སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་གྲོས་གཞི་གཞིར་བཟུང་སྟེ་གཏིང་ཟབ་པའི་གྲོས་བསྡུར་བྱས། ཚོགས་ཞུགས་མཁས་པ་རྣམས་ཀྱིས་བསྟན་དོན། བོད་ཀྱི་གསོ་རིག་རྒྱལ་སྤྱིའི་གར་སྟེགས་སྟེང་གི་བེད་སྤྱོད་ཉིན་བཞིན་རྒྱ་ཆེ་རུ་གྱུར་ཡོད་ཟེར།
《གསོ་རིག་རྒྱུད་བཞི》ནི་བོད་ཀྱི་གསོ་རིག་རིག་པའི་རྨང་གཞི་བརྩམས་ཆོས་ཡིན། དེས་ཆ་ཚང་བའི་བོད་ཀྱི་གསོ་རིག་མ་ལག་གྲུབ་པས་ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་གསོ་རིག་རིག་གནས་རྩ་ཆེན་ཡིན། སྨན་ཐང་ནི་བོད་ཀྱི་གསོ་རིག་ཁྲོད་མཐོང་རྒྱུ་ཡོད་པའི་གསོ་རིག་སློབ་དེབ་དང་གཟུགས་འདས་འདེགས་སྐྱོར་ཡིན། བསྡོམས་པས་རི་མོ80ཡོད་པའི་ནང་བོད་ཀྱི་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་སྨན་བཅོས་ལག་རྩལ། སྔོན་འགོག་བདེ་སྲུང་། སྨན་རྫས་དང་རྩྭ་སྨན། སྨན་པའི་ཀུན་སྤྱོད་སོགས་འདུས།
བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་ཡོན་ཀྲང་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2023ལོར《གསོ་རིག་རྒྱུད་བཞི》བདེ་བླག་ངང《འཛམ་གླིང་ཕྱིར་དྲན་མིང་བྱང》ནང་བདམས་པ་དང་། ལོ་དེར“17—དུས་རབས20བོད་ཀྱི་གསོ་བ་རིག་པའི་སྨན་ཐང”ཀྲུང་གོའི་ཡིག་ཚགས་ཤུལ་བཞག་མིང་བྱང་སྐོར་ལྔ་བ་ནང་དུ་བཞག
“སྨན་ཐང་གི་སྒྱུར་དཔེ་ཅུང་དཀོན་པས། ཕྱི་རྒྱལ་གྱི་བོད་ཀྱི་གསོ་རིག་ཞིབ་འཇུག་པས་འབྲེལ་ཡོད་ནང་དོན་ལ་སྤྲོ་བ་ཆེན་པོ་ཡོད་པ་རེད”ཅེས་ན་ནིང་གི་ཟླ9ནས་བཟུང་སྨན་ཐང་ཡིག་སྒྱུར་ལས་དོན་ནང་ཞུགས་པའི་དབྱིན་ཇིའི་མཁས་པ་མཱ་ལིན·ཅཱ་ལའོ་ལིན·ཧུའེ་ཐུའུ་ཡིས་དེ་ལྟར་བཤད། “དུས་ཐོག་ང་ཚོས་ཀློག་ཐུབ་མིན་ལ་བསམ་བློ་བཏང་པ་ཡིན། ཡིན་ཡང་སྒྱུར་དཔེ་གཙོ་བོ་བོད་ཀྱི་གསོ་རིག་ཆེད་ལས་ཀློག་པ་པོ་ལ་ཁ་གཏོད་པས། ངེས་པར་དུ་དགོས་མཁོ་ཡོད་པའི་ཆེད་ལས་དང་སྲོལ་རྒྱུན་ལྟས་སྒྱུར་དགོས”ཟེར།
ཝེའུ་ཡུས་ནཱ་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་མི་སྣ་ཁེ་སི་ལུན·ཨན་ནཱ·སཱ་པའོ་ཉི་ཞི་ཡིས་ལོ་ངོ30སྔོན་དུ་ཐེངས་དང་པོར་བྲ་གྲང་བཀྲ་ཤིས་འཁྱིལ་ནས་རི་མོ་རྣམ་པའི་བོད་ཀྱི་གསོ་རིག་ཤེས་བྱའི་ལྡེབས་རིས་མཐོང་། ལོ་གཉིས་ཀྱི་རྗེས་སུ་བོད་ལྗོངས་སུ་བསྐྱོད་དེ་སྨན་ཐང་ལ་ཞིབ་འཇུག་བྱེད་མགོ་བརྩམས། “མཐོང་རྒྱུ་ཡོད་པའི་བོད་ཀྱི་གསོ་རིག་རིག་གནས་ཀྲུང་གོ་ནས་མཐོང་དཀོན་པས། སྨན་ཐང་གསོ་རིག་རི་མོ་རིག་པ་གཏིང་ཟབ་སྒྲོག་འགྲེལ་སོགས་ཀྱི་མདུན་གྲལ་ཁ་ཕྱོགས་ལ་ཞིབ་འཇུག་གྲོས་བསྡུར་བྱས་ནས་སྨན་ཐང་འཛམ་གླིང་ལ་ཉན་འཇུག་དགོས”ཟེར།

པར་འདི་ནི་སྐབས་གཉིས་པའི《གསོ་རིག་རྒྱུད་བཞི》དང་སྨན་ཐང་ཞིབ་འཇུག་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་བསྡུར་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཉིན་དེར། བོད་ཀྱི་གསོ་རིག“སྨན་ཐང”ཞིབ་འཇུག་ལྟེ་གནས་དངོས་སུ་བྱང་བུ་བཀལ་ནས་སྒོ་འབྱེད་པ་རེད། “གནས་བབ་སྲོལ་རྒྱུན་གསོ་རིག་ཞབས་ཞུ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཆ150ཁྱབ་གདལ་དུ་བཏང་། བོད་ཀྱི་གསོ་རིག་བལ་ཡུལ་སོགས་ཀྱི་རྒྱལ་ཁབ་ནས་མུ་མཐུད་དུ་ཁས་ལེན་ཐོབ་པས། འཕྲད་དཀའ་བའི་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་གོ་སྐབས་བསུས”ཞེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ལྷན་ཚོགས་ཀྲུའུ་རེན་དང་འཛམ་གླིང་ཀྲུང་ལུགས་གསོ་རིག་མཉམ་འབྲེལ་ཚོགས་པའི་སྐབས་གསུམ་པའི་བོད་ཀྱི་གསོ་རིག་ཆེད་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བཤད། ཆེད་མཁས་ཚོགས་པའི་སྟེགས་བུ་ཡིས་བོད་ཀྱི་གསོ་རིག་རིག་གནས་འདོན་སྤེལ་གང་ལེགས་བྱས་ནས་སྲོལ་རྒྱུན་གསོ་རིག་དེང་རབས་ཅན་དུ་གཏོང་དེ་སྐུལ་འདེད་བྱས་ནས་བོད་ཀྱི་གསོ་རིག་ཐོན་རྫས་མཐོ་སྒང་ནས་འཛམ་གླིང་དུ་བསྐྱོད་པར་རམ་འདེགས་བྱས།
བོད་རང་སྐྱོང་ལྗོངས་བོད་སྨན་ཁང་ད་ལོའི་ཟླ4བར་ལག་བསྟར་བྱས་པའི《བོད་ཀྱི་གསོ་རིག་ནད་གཞི་རིགས་དབྱར་དང་ཚབ་རྟགས》འོས་སྦྱོར་རང་བཞིན་རྒྱལ་ཁབ་ཚད་གཞིའི་འཆར་འགོད་ལས་དོན་ནང་ཞུགས་པ་དང་། དེ་ནི་ཀྲུང་གོའི་མི་རིགས་གསོ་རིག་གི་ནད་གཞི་རིགས་དབྱེ་དང་ཚབ་རྟགས་རྒྱལ་ཁབ་ཚད་གཞི་ཐོག་མ་ཡིན། མཱ་ལིན·ཅཱ་ལའོ་ལིན·ཧུའེ་ཐུའུ་ཡིས་བཤད་རྒྱུར། འབྲེལ་ཡོད་ཚད་གཞིས་བོད་ཀྱི་གསོ་རིག་སྔར་ལས་ལྷག་པར་རྒྱུད་འཛིན་འཕེལ་རྒྱས་བྱེད་ཐུབ་ཟེར།
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཤུགས་ཆེན་པོས་བོད་ཀྱི་གསོ་རིག་སྲུང་སྐྱོབ་དང་རྒྱུད་འཛིན། འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་བྱས་པས་འབྲེལ་ཡོད་ལས་དོན་དུས་ཡུན་རིང་བོའི་ཡར་རྒྱས་ཐོན། 2025ལོར་ཁྱབ་བསྒྲགས་བྱས་པའི《དུས་རབས་གསར་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ལ་རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་རྒྱལ་ཁབ་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞི། རྒྱལ་ཁབ5ཡི་ནད་ཐོག་སྨན་བཅོས་གཙོ་གནད་ཆེད་དོན་ཚན་ཁག རྒྱལ་ཁབ17ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཆེད་དོན་ཚན་ཁག་བཅས་ཀྱི་ཐོབ་ཐང་ཐོབ་པ་མ་ཟད། སྔ་རྗེས་སུ་བོད་ཀྱི་གསོ་རིག་མཁས་པ3ལ་རྒྱལ་ཁབ་ཀྱི་སྨན་པ་ཆེན་མོའི་མཚན་སྙན་ཐོབ། །