ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་བསྡུས་པ།
ཟླ8པའི་ཚེས19ཉིན་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་པ་དང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་སྙན་ཞུར་གནས་ནས་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་གསུང་རྩོམ་གཅེས་བཏུས་ཀྱི་པོད་དང་པོ་ལས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་རང་རྟོགས་ངང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་ཞེས་པ། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་ལྔ་པ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་པར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ་དང་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ།མཚོ་ལྷོའི་དོན་དངོས་དང་ཟུང་འབྲེལ་སྒོས།ལག་ལེན་དམ་འཛིན་ནན་མོ་བྱ་དགོས།འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་རྒན་རབས་པའི་བསམ་བློའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ།ཐོག་མའི་སེམས་འདུན་ཡིད་ལ་དམ་པོར་བཅངས་པ་དང་ཕུགས་བསམ་གྱི་འདུ་ཤེས་བརྟན་སྲུང་བྱས་ནས།བློ་མཐུན་ཅང་ཙེ་མིན་གྱི་འགྱུར་མེད་ཀྱི་ཆབ་སྲིད་དད་མོས་དང་ལྷག་བསམ་གྱིས་དམངས་ལ་བཅངས་པའི་བརྩེ་བ།དུས་བསྟུན་མདུན་སྐྱོད་ཀྱི་གསར་བརྗེའི་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱ་དགོས།ཏང་གཤིས་སློབ་གསོར་ཤུགས་བསྣན་ཏེ།ཆབ་སྲིད་སྒྲིག་ལམ་གྱི་ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་འགན་སྲུང་བྱ་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བཅོས་བསྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ཡག་པོ་བརྗོད་ནས། མི་རིགས་སོ་སོ་སེ་འབྲུ་བཞིན་དམ་པོར་སྦྲེལ་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་བར་འགྲོ་འོང་རྒྱ་ཁྱབ་དང་ཕྱོགས་ཡོངས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཏན་ཏིག་གིས་སྤེལ་ཏེ། སྤྱི་ཚོགས་བརྟན་ལྷིང་ལ་རྒྱུན་མཐུད་ངང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་གཞི་རིམ་གྱི་སྲིད་སྐྱོང་རྨང་གཞི་བརྟན་པོར་བཏང་སྟེ། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་རྒྱུར་སྐུལ་འདེད་གཏོང་བ་དང་ནག་ཚོགས་ཀྱི་སྟོབས་ཤུགས་རྩ་བ་ནས་མེད་པར་བཟོས་ཏེ་སྔར་བས་བདེ་འཇགས་ཀྱི་མཚོ་ལྷོ་ཧུར་ཐག་གིས་འཛུགས་སྐྲུན་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུ་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།