རྒྱལ་ནང་། 详情

《དཔལ་ཡོན་གྱི་རྩ་བ་དང་བྲག་ཅ—ཁུ་ནུ་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་བསམ་པའི་ནང་དོན། དུས་རབས་ཀྱི་རིན་ཐང》ཞེས་པའི་རིག་མཛོད་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། ཞིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱིས《དཔལ་ཡོན་གྱི་རྩ་བ་དང་བྲག་ཅ—ཁུ་ནུ་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་བསམ་པའི་ནང་དོན། དུས་རབས་ཀྱི་རིན་ཐང》ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་རིག་མཛོད་སྙན་ཞུ་ཁྱབ་བསྒྲགས་བྱས།

སྙན་ཞུའི་ནང་ཁུ་ནུ་རིག་གནས་ཀྱི་ལོ་རྒྱུས་ཀྱི་གོ་རིམ་དང་། བསམ་པའི་སྙིང་པོ། དེང་རབས་ཀྱི་ལག་ལེན་བཅས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་པ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་རྩ་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་མཚོན་རྟགས་གལ་ཆེན་ཡིན་པའི་དུས་རབས་ཀྱི་རིན་ཐང་འགྲེལ་བཤད་བརྒྱབ་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་གལ་ཆེ་བའི་གཞུང་ལུགས་དང་ལག་ལེན་གྱི་མཛུབ་ཁྲིད་འདོན་སྤྲོད་བྱས་ཡོད།

སྙན་ཞུའི་ནང་བསྟན་དོན། སྔ་མོ་ནས་ཁུ་ནུས་ས་ཁམས་རི་བོའི་ཁྱབ་ཁོངས་ལས་བརྒལ་ཏེ། ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་འཕེལ་རྒྱས་ཀྱི་བསམ་པའི་གནས་ཚད་གལ་ཆེན་ཞིག་ཏུ་གྱུར་ནས། མི་རིགས་ཁག་གི་འབྱུང་ཁུངས་གཅིག་མཐུན་མཉམ་གནས་ཀྱི་ལོ་རྒྱུས་དྲན་ཤེས་ཐེག་ཡོད་པས། ཀྲུང་ཧྭའི་དཔལ་ཡོན་གྱི་སྣ་མང་གཞི་གཅིག་དང་འཆམ་མཐུན་མཉམ་འདུས་ཀྱི་ཁྱད་ཆོས་གསོན་ཉམས་ལྡན་པའི་སྒོ་ནས་ར་སྤྲོད་བྱས་ཡོད།

སྙན་ཞུའི་ནང་ཁུ་ནུ་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྔ་ཞུན་སྦྱངས་དང་ཕྱོགས་བསྡུས་བྱས་པ་སྟེ། “སྣོད་བཅུད་མཉམ་གནས་དང་། གཅིག་གྱུར་ཆེན་མོ། བློ་སྟོབས་ཆེ་ཞིང་བྱས་རྗེས་ལྡན་པ། མི་དམངས་ལ་བརྩེ་བ་དང་ཞེན་པ་ཆེ་བ། གནམ་འོག་ཁྱིམ་གཅིག”བཅས་ཡིན། ལོ་ངོ་སྟོང་གི་རིག་གནས་དང་མི་རིགས་མང་པོ་མཉམ་འདྲེས་ལག་ལེན་གྱི་རིན་ཐང་མ་ལག་དེ་ཀྲུང་ཧྭའི་དཔལ་ཡོན་གྱི་འཇིག་རྟེན་ལྟ་བ་དང་། རྒྱལ་ཁབ་ཀྱི་ལྟ་བ། བློ་སྟོབས་ཆེ་བའི་ལྟ་བ། དམངས་རྩ་བར་འཛིན་པའི་ལྟ་བ། གནམ་འོག་ཁྱིམ་ཚང་གཅིག་གི་ལྟ་བ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྙན་ཞུའི་ནང་དུས་རབས་གསར་པ་ནས་བཟུང་ཁུ་ནུ་རིག་གནས་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་མཐུད་ངང་བྱུང་ཡོད། ས་གནས་ཁག་གིས་ཁུ་ནུའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་ནུས་སྤྲོད་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། ཁུ་ནུའི་རིག་གནས་ཀྱི་སྙིང་སྟོབས་དེ་འབད་འཐབ་ལག་ལེན་ནང་མཉམ་འདྲེས་བྱས་ཏེ། བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་དང་། དམངས་སྲོལ་འགྲེམས་སྟོན། རིག་གནས་ཡུལ་སྐོར་མཉམ་འདྲེས། གྲངས་འཛིན་རིག་གནས་གསར་གཏོད། ཁྱད་ལྡན་གཡང་ཊི་ཐོན་ལས་སོགས་སྣ་མང་གཞི་རྟེན་བརྒྱུད་རིག་གནས་རྒྱུན་འཛིན་དང་། སྙིང་སྟོབས་རྒྱུན་མཐུད། དམངས་ཕན་དམངས་ཕྱུག་གི་ནུས་ལྡན་གཅིག་གྱུར་མངོན་འགྱུར་བྱུང་ཡོད་པར་འདོད།

སྙན་ཞུའི་ནང་ནན་གྱིས་བསྟན་དོན། ཁུ་ནུ་རིག་གནས་ཀྱི་གཏིང་ཟབ་པའི་བློ་གྲོས་སྔོག་འདོན་གཏིང་ཟབ་བྱས་ཚེ། དཔལ་ཡོན་གྱི་འགལ་ཟླ་སེལ་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད་ཀྲུང་གོའི་ཇུས་གཞི་གཏིང་ཟབ་མཁོ་འདོན་ཐུབ་ཡོད། ཁུ་ནུ་རིག་གནས་ཁྲོད་ཀྱི་སྣོད་བཅུད་མཉམ་གནས་དང་གནམ་འོག་ཁྱིམ་ཚང་གཅིག་གི་འདུ་ཤེས་ཀྱིས་སྐྱེ་ཁམས་དཀའ་གནད་དང་ས་བབ་ཐད་ཀྱི་གདོང་ཐུག་སེལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རྩ་ཆེའི་ཤར་ཕྱོགས་ཀྱི་བློ་གྲོས་མཁོ་འདོན་བྱས་ཡོད།

སྙན་ཞུ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཉེར་བའི2026ལོའི་ཁུ་ནུ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱེད་སྒོ་དང་ཁུ་ནུ་རིག་གནས་གླེང་སྟེགས་ཐོག་ཁྱབ་བསྒྲགས་བྱས་པ་རེད། གླེང་སྟེགས་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། །

热门新闻

热门图库

热门排行