གནས་ཚུལ། 详情

ཁུ་ནུ་རིག་གནས་ལ་དུས་རབས་ཀྱི་གསོན་ཤུགས་བསྩལ།

2026-08-20 15:10:05 来源: 作者: 编辑:བུ་མོ་མཆོག

དུས་རབས་གསར་པའི་ཚུན་ལ། ཀྲུང་ཧྭའི་གཞི་རྩའི་རིག་གནས་ཞིབ་འཇུག་དང་ཁྱབ་སྤེལ་ལ་སྤྱི་ཚོགས་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཁུ་ནུ་རིག་གནས་ལ་དུས་རབས་གསར་པའི་གསོན་ཤུགས་རྒྱས་ཡོད།

ཟླ8པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི2026ལོའི་ཁུ་ནུ་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་བྱ་འགུལ་དང་ཁུ་ནུ་རིག་གནས་ཀྱི་གླེང་སྟེགས་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་རྩེར་སོན་རིག་མཛོད་ཞིབ་འཇུག་བྱ་གཞི་ཚོགས་ཆུང་གིས་བྲིས་པའི《དཔལ་ཡོན་གྱི་གཞི་རྩ་དང་ཤུགས་རྐྱེན་ཏེ། ཁུ་ནུ་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། བསམ་བློའི་ཉིང་བཅུད། དུས་རབས་ཀྱི་རིན་ཐང》ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་རིག་མཛོད་སྙན་ཞུ་དེ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུ་ལས་ཁུ་ནུ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་དང་འཛམ་གླིང་གི་ཤུགས་རྐྱེན་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ། དེས་དུས་རབས་ཇི་ལྟར་བརྒལ་བར་སྔོག་འདོན་གཏིང་ཟབ་བྱས་ནས། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་། དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་ལ་རིག་གནས་ཀྱི་རྒྱབ་རྟེན་ལེགས་པོ་འདོན་སྤྲོད་བྱས་ཡོད།

ཁུ་ནུ་རིག་གནས་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་སྣ་མང་གཞི་གཅིག་ཅན་གྱི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་ཡིན་པ་དང་། གནའ་བོའི་མེས་པོས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལ་འཚོལ་ཞིབ་དང་ཤེས་རྟོགས་བྱས་པ་ནས་ཆིན་རྒྱལ་རབས་ཀྱི་ཕོ་ཉའི་ཚོགས་པ་ཆུ་བོའི་མགོ་ཁུངས་སུ་བཞག་པའི་རྡོ་བརྐོས་ཤུལ་བཞག་བར། ཁུ་ནུ་རིག་གནས་ཀྱིས་མི་རིགས་ཁག་གིས་མཉམ་དུ་གཅེས་སྤྲས་བྱས་པའི་བསམ་པའི་ཁྱིམ་གཞིས་གཅིག་སྒྲིལ་བྱས་ནས། ཀྲུང་ཧྭའི་དཔལ་ཡོན་འཕེལ་བའི་ཐོག་མའི་དུས་རིམ་ར་སྤྲོད་གང་ལེགས་བྱས་ཡོད་པ་དང་། ས་ཁོངས་མང་པོ་དང་རིགས་རྒྱུད་མང་པོ་ཕན་ཚུན་མཉམ་འདྲེས་བྱས་པ་ལས་གྲུབ་པའི་དཔལ་ཡོན་གྱི་ཐུན་མོང་ཚོགས་པ་ཞིག་ཡིན།

དཔལ་ཡོན་གྱི་གཞི་རྩ་ཞིག་གིས་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་ཀྱི་རིག་གནས་དང་མི་ཁྲི་སྟོང་མང་པོའི་ཁྲག་རྒྱུན་སྦྲེལ་ནས། སྣ་མང་གཞི་གཅིག་གི་ཁྱད་ཆོས་དེ་ཀྲུང་ཧྭའི་དཔལ་ཡོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་འདྲེས་པར་བྱས་ཡོད།


热门新闻

热门图库

热门排行