ཞི་ཅིན་ཕིང་གིས་ཨེ་ཁ་ཏོར་གྱི་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད་པ།

ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་ཁ་ཏོར་གྱི་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་ཁ་ཏོར་གྱི་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད།
དགའ་བསུ་མཛད་སྒོ་གྲོལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨེ་ཁ་ཏོར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་རེད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ནས་བསམ་བློ་བཏང་སྟེ་ཀྲུང་གོ་དང་ཨེ་ཁ་ཏོར་གྱི་འབྲེལ་བར་ངོས་འཛིན་བྱས་པ་དང་། ཨེ་ཁ་ཏོར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཚད་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པོའི་སྒོ་ནས་ཕན་བདེ་སྐྲུན་འདོད་ཡོད།

ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་ཁ་ཏོར་གྱི་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཁ་ཏོར་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་བཏང་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་ཕན་ཚུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་རེས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁ་ཏོར་ཕྱོགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་བརྩི་འཇོག་དང་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་སོགས་ཁྱབ་ཁོངས་སོ་སོའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་ནས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད། ཀྲུང་གོ་དང་ཨེ་ཁ་ཏོར་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་རབ་དང་རིམ་པ་བྱུང་བ་ནི། རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ལས་ཐོན་པའི་ཕན་འབྲས་ཡིན་ལ། ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་སྦས་ཤུགས་ཀྱང་མངོན་པ་ཡིན། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་བྱེད་དགོས། ནུས་ཁུངས་དང་། གཏེར་ཁ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ་སོགས་ཀྱི་མཉམ་ལས་ལས་གཞི་ལག་བསྟར་ཡག་པོ་བྱས་ནས། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། ནུས་ཁུངས་གསར་པ། མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཞིབ་དཔྱད་ཧུར་ཐག་བྱེད་པ་དང་། རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་སྦས་ཤུགས་མུ་མཐུད་སྔོག་འདོན་བྱས་ནས། རང་མོས་ཉོ་ཚོང་གི་ཕན་འབྲས་ཀྱིས་སྔར་ལས་མང་བའི་ཁེ་ལས་དང་འཛད་སྤྱོད་པ་ལ་ཕན་ཐོགས་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཁ་ཏོར་ཕྱོགས་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་དང་། དབུལ་སྐྱོར་དབུལ་སེལ། གནོད་འགོག་གནོད་སེལ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བ་དང་། ཨེ་ཁ་ཏོར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་། རིག་གནས། ན་གཞོན། ལུས་རྩལ། ས་གནས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་དགོས་པ་དང་། མི་སྣ་འགྲོ་འོང་སྟབས་བདེར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཇེ་དམ་དུ་གཏོང་དགོས།

ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་ཁ་ཏོར་གྱི་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད།
ནུའོ་ཝོ་ཡ་ཡིས་བསྟན་དོན། ཀྲུང་གོ་ནི་ཨེ་ཁ་ཏོར་གྱི་ཟླ་གྲོགས་དང་གྲོགས་པོ་གལ་ཆེན་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འགོ་ཁྲིད་ཡིན། ཕྱོགས་གཉིས་ཀྱིས་ཐུན་མོང་འབད་བརྩོན་འོག་ཨེ་ཁ་ཏོར་དང་ཀྲུང་གོའི་འབྲེལ་བ་དུས་མཚམས་གསར་པར་སླེབས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་བདེ་སྐྱིད་བསྐྲུན་དགོས། ཨེ་ཁ་ཏོར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་བརྩི་འཇོག་བྱེད་འདོད་ཡོད། ཨེ་ཁ་ཏོར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། གཏེར་རྫས། སླར་སྐྱེ་ཐུབ་པའི་ནུས་ཁུངས། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཨེ་ཁ་ཏོར་ལ་ཡོང་ནས་མ་དངུལ་བཞག་སྟེ་དར་རྒྱས་ཡོང་བར་དགའ་བསུ་ཞུ་རྒྱུ་དང་། ཨེ་ཁ་ཏོར་ཕྱོགས་ཀྱིས་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ཞི་བདེ་ས་ཁུལ་གྱི་གོ་གནས་གཡོ་འགུལ་གཏོང་མི་རུང་བ་དང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགྲོ་ལམ་མཚམས་གཅོད་མི་རུང་ལ། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱིས་རང་བདག་གིས་མཉམ་ལས་གྲོགས་པོ་འདེམས་པའི་དབང་ཆར་ཐེ་གཏོགས་བྱེད་མི་རུང་བའི་ལངས་ཕྱོགས་བཟུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། རང་རྒྱལ་གྱི་ཁེ་ཕན་དང་བསྟུན་ནས་ཕྱི་ཕྱོགས་དང་མཉམ་ལས་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་དགོས། ནུའོ་ཝོ་ཡ་ཡིས་བསྟན་དོན། ཨེ་ཁ་ཏོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ་ཐོག་མཐའ་བར་གསུམ་དུ་ཞི་བདེ་རྒྱ་མཚོ་ཕ་རོལ་གྱི་ཀྲུང་གོའི་གྲོགས་པོ་བཟང་བོ་ཞིག་བྱེད་འདོད་ཡོད།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལྗང་མདོག་ཐོན་ལས་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས། གྲངས་འཛིན་དཔལ་འབྱོར། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་།
གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ནུའོ་ཝོ་ཡ་ལ་དགའ་བསུའི་མཛད་སྒོ་བསྡུས།

ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་ཁ་ཏོར་གྱི་སྲིད་འཛིན་ནུའོ་ཝོ་ཡ་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ནུའོ་ཝོ་ཡ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
ནུའོ་ཝོ་ཡ་འབྱོར་སྐབས། གུས་དམག་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་མིའི་རོལ་དབྱངས་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས། ནུའོ་ཝོ་ཡ་ཡིས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ནུའོ་ཝོ་ཡ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུས།
ཝང་དབྱི་གོང་གི་བྱེད་སྒོར་ཞུགས། །