གནད་བསྡུས། 详情

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་བསྡུས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་དྲུང་ཡིག་ཆེན་མོ་མཱ་ཧྲའོ་ཧྥུའུ་ཡིས་ཚོགས་འདུར་མགོ་འཛིན་གནང་། ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི45ཡོད་པ་དང་། དངོས་སུ་ཞུགས་ཡོད་པའི་མི44ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་འདུ་ལས་འཐུས་མི་ཚོགས་པ་ཁག་གིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཚུལ་གྱི་ཡར་ཞུ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་རྩ་འཛུགས་ཚོགས་པའི་འཐུས་མིའི་མཉམ་འབྲེལ་མིང་འདོན་འདེམས་བྱའི་འོས་མིའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཚོགས་ཆེན་གྱི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་མིང་བཏོན་གྲོས་གཞིའི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན། དེ་མིན་འཐུས་མིའི་མཉམ་འབྲེལ་མིང་འདོན་འདེམས་བྱའི་འོས་མིའི་མིང་ཐོའི་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་ལས་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་འཆར་ཟིན་འདེམས་བསྐོ་བྱས།།


热门新闻

热门图库

热门排行