གནད་བསྡུས། 详情

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ8པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི254ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི241ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀའོ་ཡུང་ཧུང་དང་ཀྲང་ཅུན་ལུའུ། ལི་ཀྲེང་ཡེ། ཞུའུ་ཧྲུན་ཡུན། ཞེ་ཁང་ཡུང་། ལི་མུན་ཚུང་། མཁས་ཆེན་དོན་འགྲུབ། ཟླ་བ་དོན་འགྲུབ། ཉིང་ཅན་མིང་། མཱ་ཡུང་དབྱི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་།  ཀའོ་ཡུང་ཧུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁུལ་ཨུ་དང་ཁུལ་མི་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས།

ཚོགས་འདུ་ལས་སྔ་རྗེས་སུ་ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཧྲའོ་ཧྥུའུ་ཡིས་གནང་བའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚབ་མ་ཀྲང་ཅིང་གིས་གནང་བའི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་ལིའུ་ཅན་ཀྲི་ཡིས་གནང་བའི་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གསན། མཱ་ཧྲའོ་ཧྥུའུ་ཡིས་སྙན་ཞུ་ལས་ལོ་ལྔའི་རིང་ལ། ཁུལ་ཨུའི་མགོ་ཁྲིད་སྟོབས་ལྡན་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་ཞིབ་མོའི་འོག  ཁུལ་དམངས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་པ་དང་ལྟ་སྐུལ།ཐག་གཅོད།བསྐོ་འཐེན།འཐུས་མིའི་བྱ་བ་དང་།རང་ངོས་འཛུགས་སྐྱོང་བཅས་ཚད་གཞི་མཐོན་པོས་སྐུལ་འདེད་བྱས་ནས།ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབས་པ།ཁྲིམས་ལྟར་འགན་ནུས་བསྒྲུབ་པ།ལས་སྒྲུབ་ཀྱི་འགན་འཁུར་བ་བཅས་བྱས་ཏེ།འོས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས།མཚོ་ལྷོ་ཁུལ་གྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་ཚད་མཐོའི་འཕེལ་རྒྱས་ལ་བྱས་རྗེས་བཞག་ཡོད་པ་བསྟན།    

མཱ་ཧྲའོ་ཧྥུའུ་ཡིས་མ་འོངས་ལོ་ལྔ་ནི་ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་པའི་འཆར་འགོད་ལག་བསྟར་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པ་མ་ཟད།སྐབས་གསར་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་སྒྲུབ་དང་ཚད་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དུས་རིམ་གལ་ཆེན་ཞིག་ཀྱང་ཡིན་པས།སྐབས་གསར་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་ལེན་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་།ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ།བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་བྱེད་པ།མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་།ལེགས་པོར་སྤྱོད་པ་བཅས་བྱས་ནས། ཁྲིམས་ལྟར་འགན་དབང་སྤྱད་དེ།སྔར་ལས་མཐོ་བའི་ལངས་ཕྱོགས་ཀྱིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་།སྔར་ལས་ལེགས་པའི་བྱེད་ཐབས་ཀྱིས་ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་སུ་གཏོང་བ།སྔར་ལས་ཆེ་བའི་ནུས་ཤུགས་ཀྱིས་ལྟ་སྐུལ་ཕན་འབྲས་མཐོ་རུ་གཏོང་བ།སྔར་ལས་བཟང་བའི་ཞབས་ཞུས་འཐུས་མིའི་འགན་སྒྲུབ་འགན་སྲུང་བྱེད་པ།སྔར་ལས་མཐོ་བའི་ཚད་གཞིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ལ་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཅིང་གིས་སྙན་ཞུའི་ནང་བསྟན་དོན།  འདས་པའི་ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་དང་། ཁྲིམས་འཛིན་གྱོན་གཞི་རེ་རེའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་དུ་འཇུག་རྒྱུར་འབད་བརྩོན་བྱེད་ཅེས་པའི་དམིགས་ཚད་གཞིར་བཟུང་སྟེ། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་པ་དང་ལས་འགན་ཕྲག་ཏུ་བླངས་ནས། ཕྱོགས་ཡོངས་ནས་འདྲི་གཅོད་དང་ལག་བསྟར་གྱི་འགན་འཁྲི་གཙོ་བོ་དང་བྱ་བ་གཙོ་བོ་དོན་འཁྱོལ་བྱས་ཡོད་ལ། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་བསྡོམས་རིགས་སོ་སོའི་གྱོད་གཞི56838བདག་སྤྲོད་བྱས་པ་ལས་གྱོད་གཞི54626བསྒྲུབས་ཚར་བ་དེ་ལོ་སྔོན་མ་ལྔ་དང་བསྡུར་ན་སོ་སོར10.72%དང9.64%འཕར་ཡོད་པས། གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་རིམ་གྱིས་ཇེ་མཐོར་དང་བསྟུད་མར་ཇེ་ལེགས་སུ་སོང་ཡོད། མ་འོངས་པའི་ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དྲང་སྲུང་གསར་གཏོད་དང་དངོས་སྒྲུབ་བརྩོན་ལེན། འགན་ཁུར་ཕོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་སྟོབས་ཆེར་གཏོང་བ་དང་། ལྟེ་བའི་སྤྱི་ཡོངས་ལ་ཞབས་ཞུ་གནད་ཁེལ་བསྒྲུབ་པ། ཁྲིམས་འཛིན་དམངས་ཆེད་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ། ཁྲིམས་འཛིན་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། དཔུང་སྡེ་སྟོབས་ལྡན་ཞིག་འཛུགས་པར་ནན་མོ་བྱེད་པ་བཅས་བྱས་ནས། ཁུལ་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་དང་སྤུས་མཐོའི་འཕེལ་རྒྱས་ལ་ཁྲིམས་འཛིན་འགན་ལེན་ནུས་ལྡན་བྱས་ཡོད།

ལིའུ་ཅན་ཀྲིས་སྙན་ཞུ་ལས་འདས་ཟིན་པའི་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ།ཁྲིམས་སྐྱོང་གི་ཆེད་དུ་འགན་འཁུར་བ་བཅས་རྒྱུན་འཁྱོངས་བྱས་པས་ཞིབ་དཔྱོད་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།ཉེས་དོན་དང་དམངས་དོན་སྲིད་འཛིན།སྤྱི་ཕན་གཏུག་བཤེར་བཅས་ལ་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་རིགས་སྣ་ཚོགས12355སྒྲུབ་གཉེར་བྱས་ཡོད།སླད་ཕྱིན་གྱི་ལོ་ལྔའི་ནང་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུལ་ཨུའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་དམངས་ཆེད་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ཏེ།བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་གྱོད་གཞི་ཚང་མ་ཡག་པོ་བསྒྲུབས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

གྲོས་ཚོགས་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན་དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་བྱེད་ཐབས།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འདེམས་མིའི་འདེམས་བསྐོ་བྱེད་ཐབས་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་།ཁུལ་དུ་ཡོད་པའི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མི་དང་།ཁུལ་སྲིད་གྲོས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན།ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས།ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་གི་འགན་འཁུར་བ།ཁུལ་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བ།ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བ།ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་དང་ཁུལ་གཏོགས་ཁེ་ལས་ཁག་གཅིག་གི་འགན་འཁུར་བ།ཤང་དང་གྲོང་བརྡལ་ཁག་གི་དམངས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

热门新闻

热门图库

热门排行