སྲིད་དོན། 详情

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ཁུལ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་བསྒྲིལ།

微信图片_20260819085848_1562_35.jpg

གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན246ཡོད་པ་དང་མཇུག་སྒྲིལ་ཚོགས་ཆེན་ལ་དངོས་སུ་ཞུགས་པའི་ཨུ་ཡོན227ཡོད་པས་གཏན་འབེབས་མི་གྲངས་དང་མཐུན། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཡན་དང་མ་ཞའོ་ཝེ། བསོད་ནམས་སྐྱིད་། ལི་ཀུའོ་ཧྲེང་།  འབྲུག་འབུམ་རྒྱལ།  ལི་ཁྲེན་ལིན།  ཧོ་མིང་ཧའེ།  ཀྲང་ཀུའོ་ཕེང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།   ལིའུ་ཡན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ།   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཚེ་བརྟན་སྒྲོལ་མ་དེ་མིན་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།  ཁུལ་སྲིད་གཞུང་།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།  ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་མཇུག་སྒྲིལ་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

640.jpg

ཚོགས་ཆེན་ལས་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་བདམས་ཐོན་བྱུང་བ་དང། ལིའུ་ཡན་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་།  མ་ཞའོ་ཝེ་དང་བསོད་ནམས་སྐྱིད། ལི་ཀུའོ་ཧྲེང་། འབྲུག་འབུམ་རྒྱལ།   ལི་ཁྲེན་ལིན།  ཧོ་མིང་ཧའེ་བཅས་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།  ཀྲང་ཀུའོ་ཕེང་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པ་དང་།  བློ་མཐུན41སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བདམས།

སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད།  སྲིད་གྲོས་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།   

640 (1).jpg

ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་ཚབ་བྱས་ནས་ཚོགས་ཆེན་ལེགས་འགྲུབ་བྱུང་བ་དང་གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག རྒྱུན་ལས་ཨུ་ཡོན་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོང་གིས་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་།  མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ།  ཁུལ་ཨུའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།  སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགནའཁྲི་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་ནས།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་བཅོས། མཐུན་སྒྲིལ་བརྟན་བརླིང་སོགས་ལ་རོགས་རམ་བྱེད་པའི་ཐད་བྱས་རྗེས་འཇོག་པ་དང་གཡུར་ཟའི་གྲུབ་འབྲས་ལེན་དགོས་ཤིང་།   གྲོལ་མ་ཐག་པའི་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལས་འཕར་གཞི་གཅིག་དང་མ་དཔེ་བཞི།  ཡར་ཐོན་ལྔ་ཡི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་པ་དང་།   ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་གི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་དང་ལག་ལེན་ཐབས་ལམ་བཀོད་སྒྲིག་བྱས་ཡོད་ཅེས་བསྟན།  

640 (2).jpg

སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར།གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།གཅིག་སྒྲིལ་བཞིའི་བྱ་བ་ལེགས་པོར་བསྒྲུབ་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་རྣམ་པ་གསར་པ་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཁྲོད་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱ་དགོས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ཏེ།བློ་བརྟན་འགྱུར་མེད་སྒོས་གཏན་ཁེལ་གཉིས་བརྩི་སྲུང་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱ་དགོས་པ་མ་ཟད།དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱ་དགོས།ཏང་གི་མགོ་ཁྲིད་དེ་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་བརྒྱུད་རིམ་སོ་སོ་དང་ཕྱོགས་སོ་སོར་འདྲེས་པར་བྱས་ཏེ།རང་འགུལ་སྒོས་ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ།སྙན་ཞུ་འབུལ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།ཁུལ་ཨུའི་ལྟེ་བའི་འོས་འགན་ལ་དམ་པོར་གཞིགས་ནས་སྲིད་གྲོས་བྱ་བ་འཆར་འགོད་བྱས་ཏེ།ཏང་ཨུས་འབོད་སྐུལ་བཏང་ན་སྲིད་གྲོས་ཀྱིས་དང་ལེན་བྱེད་པ་དང་།ཏང་ཨུས་བཀོད་སྒྲིག་བྱས་ན་སྲིད་གྲོས་ཀྱིས་ལག་བསྟར་བྱ་ཐུབ་པ་བྱ་དགོས།ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་དངོས་སྒྲུབ་ཀྱི་འགན་ལེན་མངོན་དགོས་ཏེ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལས་གཏན་ཁེལ་བྱས་པའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན།ནུས་ཁུངས་གཙང་མ།རྩིས་གློག་མཉམ་སྡེབ།སྐྱེ་ཁམས་རིག་གནས་ཡུལ་སྐོར།ཁྱད་ལྡན་ཞིང་ཕྱུགས།དམངས་ཚིས་ལས་དོན་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས།ཚན་རིག་དང་མཐུན་པའི་སྒོ་ནས་གྲོས་གཞི་འདེམས་པ་དང་།རྟོག་ཞིབ་ནན་མོ་བྱེད་པ།གྲོས་མོལ་གང་ལེགས་བཅས་བྱས་ནས།བློ་འདོན་ཇུས་འབུལ་བྱ་དགོས།སྲིད་གྲོས་ཀྱི་འཇོན་མི་མང་པ་དང་རིག་སྟོབས་ལེགས་པ།འབྲེལ་འདྲིས་བཟང་བ།ཆ་འཕྲིན་འཕྲལ་ཐོས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།ཁེ་ལས་དང་ལས་གཞི།མ་དངུལ།འཇོན་མི་བཅས་སྔར་ལས་མང་པོ་མཚོ་ལྷོ་རུ་རྐང་ཚུགས་པར་སྐུལ་འདེད་བྱ་དགོས།ཨུ་ཡོན་གྱི་ལྟ་ཞིབ་དང་སྲིད་གྲོས་ཀྱི་གྲོས་གཞི།དམངས་གཙོའི་དཔྱད་བསྡུར།སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ།ཐབས་ཇུས་བཟང་པོ་འཚོལ་ཞིབ་དང་གྲོས་གཞི་ལེགས་པོ་བཏོན་ནས།ཁུལ་ཡོངས་ཀྱི་ཐབས་ཇུས་གལ་ཆེན་དང་གཙོ་གནད་བྱ་བ་ལག་བསྟར་བྱས་ཏེ་གྲུབ་འབྲས་ལེན་པར་སྐུལ་འདེད་བྱ་དགོས།མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོར་སྐུལ་འདེད་བྱེད་པའི་ཁྲོད་དུ་ཐུན་མིན་གྱི་དགེ་མཚན་འདོན་སྤེལ་བྱ་དགོས་ཏེ།བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་འགན་སྒྲུབ་ཀྱི་གཙོ་གནད་བྱ་བ་ཁོང་དུ་ཆུད་པར་བྱས་ནས།ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་ལ་འབྲེལ་གཏུགས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ཡིད་ཆེས་མཐོ་རུ་གཏོང་བ་དང་།དམངས་སེམས་གཅིག་སྒྲིལ་བྱེད་པ།མི་སེམས་ལ་དྲོ་སྐྱིད་སྟེར་བ།ངོས་འཛིན་གཅིག་མཐུན་ཡོང་བ་བཅས་ཀྱི་བྱ་བ་མང་པོ་བསྒྲུབ་དགོས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་རམ་འདེགས་བྱས་ཏེ།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་བྱས་ནས།མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་དགོས།

640 (3).jpg

ཏང་ཕྱིའི་ཤེས་ཡོན་པ་དང་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་པ་གསར་པའི་མི་སྣ་བཅས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་གང་ལེགས་བྱས་ཏེ། མཚོ་ལྷོའི་གཏམ་རྒྱུད་དང་སྲིད་གྲོས་ཀྱི་གཏམ་རྒྱུད། ཨུ་ཡོན་གྱི་གཏམ་རྒྱུད་བཅས་ཐུན་མོང་གིས་ཡག་པོར་བརྗོད་དེ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་སྣང་བརྙན་བཟང་པོ་བསྐྲུན་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ཡང་དག་ཁོང་དུ་ཆུད་པ་དང་། ཆབ་སྲིད་ཁོང་དུ་ཆུད་ནུས་དང་བརྟག་ཞིབ་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་འདྲིས་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཆེ་རུ་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་དང་ཐབས་ཇུས་བློ་འདྲི། དམངས་གཙོའི་གྲོས་མོལ། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ཡུལ་དངོས་ཀྱི་ལག་ལེན་དངོས་ཁྲོད་ཞུགས་དགོས། སྤྱོད་ཚུལ་དངོས་དང་འགན་སྒྲུབ་ནུས་བ་ཟུང་འབྲེལ་བྱས་ཏེ་སྲིད་གྲོས་རྟོགས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་དོན་གྲོས་མོལ་བྱེད་མཁས་པ་བཅས་ཀྱི་འགན་ནུས་བསྒྲུབ་པའི་འཇོན་ཐང་དང་། སྒྲིག་ལམ་བརྩི་བ་དང་སྒྲིག་སྲོལ་སྲུང་བ། སྤྱོད་ལམ་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོར་བརྟེན་ཏེ། ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་མཁན་ཞིག་བྱ་དགོས། ཨུ་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་དང་། ཨུ་ཡོན་གྱི་ཞབས་ཞུའི་དོ་དམ་ལེགས་པོར་བསྒྲུབ་སྟེ། མི་དམངས་སྲིད་གྲོས་ནི་ཨུ་ཡོན་དང་དམངས་གཙོ། མཐུན་སྒྲིལ་བཅས་ཀྱི་ཁྱིམ་གཞི་ཞིག་ཏུ་འགྱུར་བར་འཛུགས་སྐྲུན་བྱ་དགོས། གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཡན་གྱིས་སྐབས་གསར་པའི་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས། དུས་ཡུན་རིང་པོའི་ནང་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རིམ་པ་སོ་སོའི་མགོ་ཁྲིད་དང་སྲིད་གྲོས་ཨུ་ཡོན་ཡོངས། སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ། མི་རིགས་སོ་སོ་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་སེམས་གཏིང་ནས་བཀའ་དྲིན་དང་གུས་འདུད་ཞུས། ལིའུ་ཡན་གྱིས་ཁུལ་ཨུའི་སྣེ་ཁྲིད་བརྟན་པོའི་འོག སྐབས་རིམ་བྱུང་གི་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་རིགས་པའི་གཞུང་ལུགས་མཐར་ཕྱིན། མཐུན་སྒྲིལ་བྱེད་ཤུགས་རྒྱ་ཆེར་གཏོང་བ། དམངས་གཙོའི་གྲོས་མོལ་གཏིང་ཟབ་ཏུ་གཏོང་བ། སྤྱོད་ཚུལ་མུ་མཐུད་དུ་ལེགས་བཅོས་བྱེད་པ་བཅས་འགན་འཁྲི་བསྒྲུབ་པའི་ཁྲོད་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལས་གཏན་འཁེལ་བྱས་པའི་འཕར་གཞི་གཅིག་དང་མ་དཔེ་བཞི། ཡར་ཐོན་ལྔ་བཅས་ཀྱི་འབད་འཐབ་དམིགས་འབེན་གཞིར་འཛིན་པ་དང་། འགན་འཁྲི་བསྒྲུབ་པའི་ཤུགས་འདོན་ས་དང་ལས་མགོ་རྩོམ་ས་ལེགས་པོར་བཙལ་ཏེ། ཆབ་སྲིད་གྲོས་མོལ་གནད་ལ་འཁེལ་ཚད་དང་དམངས་གཙོའི་ལྟ་སྐུལ་གྱི་མཐིལ་བརྟོལ་ཚད། སྲིད་ཞུགས་སྲིད་གླེང་གི་གལ་ཆེ་ཚད། ངོས་འཛིན་གཅིག་མཐུན་གྱི་ཁེབས་ཚད་བཅས་མུ་མཐུད་དུ་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་དང་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་དང་། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་བའི་འཕར་གཞི་གསར་པ་མགྱོགས་མྱུར་གྱིས་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། ཁུལ་དུ་སྡོད་པའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་མཇུག་སྒྲིལ།།  

热门新闻

热门图库

热门排行