སྲིད་དོན། 详情

དོན་གྲུབ་གུང་ཧོ་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་སྐབས་གོ་སྐབས་དམ་འཛིན་དང་བློ་སྤོབས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱ་དགོས་ཞེས་ནན་གྱིས་བསྟན།

ཟླ8པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་གུང་ཧོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ། འཐུས་མི་རྣམས་དང་ལྷན་དུ་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཤིང་། ཚོགས་རར་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད་ལ། འཐུས་མི་རྣམས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་སྒྲིག་བཀོད། དམངས་ཚིས་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གཏམ་བཤད་གང་ལེགས་སྤེལ་བ་དང་། འཕེལ་རྒྱས་ཀྱི་ཇུས་ཆེན་དང་ཁུལ་སྲིད་གཞུང་གནས་སའི་ས་ཁུལ་གྱི་འགན་འཁྲིའི་འཁུར་སེམས་ལ་མཉམ་དུ་གྲོས་མོལ་བྱས།

 དོན་གྲུབ་ཀྱིས་གུང་ཧོ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོས་གུང་ཧོ་རྫོང་གི་སྐྱེ་ཁམས་གནས་བབ་ཧ་ཅང་གལ་འགངས་ཆེ་བ་དང་། ཐོན་ཁུངས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ། ནུས་ཁུངས་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡིན་པ་བཅས་ནི་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་དང་འཕེལ་རྒྱས་ཀྱི་གནས་གཙོ་བོ་ཡིན་པས། ཡིད་ཆེས་བརྟན་པོ་དང་གོ་སྐབས་དམ་འཛིན། འབད་བརྩོན་ལྷོད་མེད་བཅས་བྱས་ནས། ས་ཁོངས་ཀྱི་དགེ་མཚན་སྔར་ལས་འདོན་སྤེལ་དང་། ཐོན་ལས་གཅིག་བསྡུས་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ས་ཁོངས་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་ནུས་ཤུགས་སྔར་ལས་ཆེན་པོ་འདོན་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་དང་འགན་ལེན་བྱེད་པ་དང་།  སྤུས་ཚད་མཐོ་བའི་སྒོ་ནས་བྱང་གསུམ་བཟོ་སྐྲུན་གྱི་དུས་རིམ་དྲུག་པའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་ཡོང་བར་བྱེད་པ། བཏུལ་ཐང་གི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ལས་གཞིའི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་གྱི་ཚོད་ལྟའི་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་མཐའ་གཅིག་ཏུ་བརྟན་པོར་གཏོང་དགོས། གཙོ་གནད་གཉིས་དང་གསར་པ་གཉིས། དྲ་བ་དྲུག་སོགས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལས་གཞི་གལ་ཆེན་འཆར་འགོད་དང་གྲ་སྒྲིག་ལེགས་པོ་བྱེད་པ། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མ་དངུལ་གཏོང་སྤྲོད་གཅིག་གྱུར་གང་ལེགས་བྱེད་པ། འཛད་སྤྱོད་ཀྱི་གབ་ཤུགས་གཏིང་ཟབ་ཏུ་སྔོག་འདོན་བཅས་བྱས་ཏེ། དཔལ་འབྱོར་འཕར་སྣོན་གྱི་གྲུབ་འབྲས་ལ་བརྟེན་ནས་ཁུལ་སྲིད་གཞུང་གནས་སའི་ས་ཁུལ་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། ཆུ་དང་རླུང་། འོད། ཚ་ནུས་གསོག་འཇོག་བཅས་གཞི་གཅིག་ཅན་གྱི་གསར་སྤེལ་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཕྱོགས་ཡོངས་ནས་ལས་གཞི་གལ་ཆེན་ལ་ཞབས་ཞུ་དང་འགན་ལེན་ལེགས་པོར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱོགས་བསྡུས་ལས་སྣོན་རྟེན་གཞི་འཛུགས་སྐྲུན་བྱ་བ་ཇེ་མགྱོགས་སུ་གཏོང་བ། འཁྱག་སྦྲེལ་གཉིས་སོགས་ཁྱད་ཆོས་ལྡན་པའི་རྣམ་གྲངས་ལེགས་པོར་བསྐྲུན་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཞིབ་ཚགས་ཅན་གྱི་ལས་སྣོན། སྤུས་རྟགས་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། མཐོ་སྒང་གི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཁྲོམ་ར་ཆེན་པོར་ཕྱོགས་པར་བྱ་དགོས། རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད་འཛུགས་སྐྲུན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། གུང་ཧོ་གནམ་གྲུ་ཐང་གི་སྣེ་ཁྲིད་ནུས་པ་སྟོབས་ཆེར་གཏོང་བ། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ཆུ་ཚད་རིམ་སྤོར་མཐོར་འདེགས་སུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་དང་བཟོ་ལས་ཞིབ་འཇུག་སློབ་སྦྱོང་། ལུས་རྩལ་འགྲན་ཚོགས། དམངས་སྲོལ་ཉམས་ལེན་སོགས་ཡུལ་སྐོར་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཁོངས་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས། ལས་རྣམ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་ཆུས་བསྣུབས་ཁུལ་གྱི་གནས་སྤོར་བཀོད་སྒྲིག་བྱ་བ་ལེགས་པར་སྒྲུབ་པ། འཆམ་མཛེས་ཞིང་སྡེ་འཛུགས་སྐྲུན་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མུ་མཐུད་དུ་ཁ་གསབ་བྱེད་པ། སྤྱི་པའི་ཞབས་ཞུའི་ནུས་པ་དང་གྲོང་ཁྱེར་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ཁྱབ་ཁོངས་ཀྱི་དེང་རབས་ཅན་གྱི་ལྟེ་བའི་གྲོང་ཁྱེར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བར་དམ་འཛིན་ལེགས་པོ་བྱེད་པ་དང་། དམངས་ཚིས་འགན་ལེན་བྱ་བར་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་རེ་སྒུག་དང་སེམས་ཁྲལ་བྱེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་རིགས་སོ་སོའི་མང་ཚོགས་ཀྱིས་ལོངས་སྤྱོད་ཐུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

热门新闻

热门图库

热门排行